[25B] ཨཱརྱ་བཛྲ་ཀྲོ་དྷ་རཱ་ཛཱ་ཀཝ་ལ་གྷུ་ཏ་ནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ་བ་ [26A]༄༅། །དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་ ནམ་མཁའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་སྟེང་དུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལྷའི་གཞལ་མེད་ཁང་བྱེ་བ་ཕྲག་བརྒྱད་ཅུས་བསྐོར་ བའི་དབུས་སུ་དཔག་ཚད་འབུམ་ཕྲག་ཁྱབ་པའི་ཁང་པ་བརྩེགས་མ་ཤིན་ཏུ་མཐོ་བ། ཀུན་ཀྱང་རིན་པོ་ཆེ་དུ་མའི་ཁྲི་པདྨ་དང་སེངྒེས་མཐོ་བ། དཔུ་རྩེ་རིན་པོ་ཆེ་ཟུར་ མང་གི་མཆོད་རྟེན་པདྨ་དང། འཁོར་ལོ་དང། གདུགས་མཐོ་བར་དྲངས་པ་ལ་དར་གྱི་དཔྱངས་ལྡིང་བ། དེའི་གྲིབ་མ་ས་གཞི་ལ་བཀོད་པ་ན་བྱང་ཆུབ་སེམས་ དཔའི་ཚོགས་རྣམས་ལྷའི་བཞོན་པ་ལས་བབས་ནས་ནང་དུ་གཤེགས་པ་སྣ་ཚོགས་པའི་དྲིལ་བུ་དང། བ་དན་དང། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་དང། དྲ་བ་ དང། དྲ་བ་ཕྱེད་པ་དང། རྔ་ཡབ་དང། ཟླ་བ་ཕྱེད་པ་དང་རྡོ་རྗེ་ཕྱེད་པ་དང། ཆུ་འཕྱང་ཤར་བུ་ལ་སོགས་པ་དུ་མས་མཛེས་པ། སྒོ་ཁྱུད་ཁྱམས་དང། སྒོ་གླེགས་ དང། རིན་པོ་ཆེའི་མེ་ལོང་དང། གདུགས་ལ་སོགས་པ་དུ་མས་ཁྱབ་པ། རིན་པོ་ཆེའི་ཕ་གུ་བརྩེགས་ཏེ་མཛེས་པར་བྱས་བ་དུ་མ་དེ་ཐམས་ཅད་ཀྱི་དབུས་སུ་འཁོར་གྱི་ [26B] །དེ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་ འཇམ་དཔལ་དང། ཀུན་ཏུ་བཟང་བོ་དང། བྱམས་པ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཞི་བའི་བློ་གྲོས་དང། སྣ་ཚོགས་བཀྲམ་པ་དང། མཁའ་ འོད་མེ་ཏོག་འཆང་དང། ནམ་མཁའི་སྙིང་པོ་དང། གཟུགས་མཛེས་དག་པ་དང། སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱེ་བ་ཕྲག་བདུན་དང། ཤཱ་རིའི་བུ་དང། མཽ་དགལ་དང་རྟ་ཐུལ་དང། འོད་སྲུང་ལ་སོགས་པ་བྱེ་བ་ཕྲག་བཞི་དང་གྲགས་ཆེན་སྙན་པ་ཆེན་པོ་བརྒྱ་བྱིན་ དང། ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་དང། ལུས་ངན་པ་དང། གཤིན་རྗེ་དང། དགའ་རབ་དབང་ཕྱུག་ལ་སོགས་པ་ལྷའི་རིགས་སུམ་བརྒྱ་དང་ལྷན་ ཅིག་ཏུ་ཆོས་ཀྱི་རྣམ་གྲངས་གསང་སྔགས་ཞེས་བྱ་བ་ལ་འཇུག་པ་གང་ཞིག་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམ་པ་དུ་ མ་དང་ལྡན་པའི་འཁོར་རྣམས་ལ་དགོངས་པ་ཐ་དད་ཀྱི་བསམ་པ་དང་མཐུན་པའི་བཀོད་པ་ཆེན་པོ་བསྐྱེད་པ་དང། ཆོ་འཕྲུལ་དུ་མ་བསྒྱུར་བ་དང། འོད་ཟེར་དུ་མ་འགྱེད་ཅིང་ [27A]༄༅། །ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་བཞིན་དུ་འཁོར་ལ་གཟིགས་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཡི་གེ་མིང་ཚིག་དག་གི་སྒོས། །སྔགས་དབྱིབས་ཆོས་སུ་བྱིན་བརླབས་ཀྱིས། །ཡི་གེ་སྒྲ་ ཙམ་ཕྱེད་དམ་གཅིག་མངོན་སུམ་རྗེས་འཇུག་རིང་ཐུང་དང་།དབྱངས་དང་གསལ་བྱེད་མཚན་མས་མཚན། །ས་བཅུ་ཕ་རོལ་ཕྱིན་བཅུ་བདག་དབང་བཅུ་དོན་ བཅུ་རྣམ་པ་བཅུ། །མི་འཇིགས་བཞི་དང་མ་འདྲེས་ཆོས། །བྱམས་དང་ཐུགས་རྗེ་ཆེན་པོ་དག་དབྱངས་གཅིག་གིས་ནི་སྔགས་གྱིས་སུ། །སྡུག་བསྔལ་སྣ་ཚོགས་རབ་ ཞི་དང། །ཡིད་འཕྲོག་དཔལ་འབྱོར་དབང་ཕྱུག་དང། མཐུ་སྟོབས་དུ་མ་བསྐྱེད་པ་དང། རྟག་གནས་ཐོབ་དང་དོན་ངེས་ཐོབ། །རྡོ་རྗེ་བླ་ན་མེད་སེམས་བསྐྱེད། །མདོར་ ན་གང་གིས་གང་འདོད་པ། །བསམ་པས་སེམས་རྣམས་རྫོགས་པའི་ཕྱིར་།རྡོ་རྗེ་བླ་ན་མེད་པ་གསོར། །ཆོས་སྒྲ་བླ་ན་མེད་པ་སྒྲོག་།འཁོར་ལོ་བླ་ན་མེད་པ་བསྐོར། །རལ་གྲི་ བླ་ན་མེད་པ་ཟུངས། །པདྨ་བླ་ན་མེད་པ་ཆོངས། །རིན་ཆེན་བླ་མེད་གསལ་བར་གྱིས། །དཀྱིལ་འཁོར་ཚུལ་དུ་སྤྲོས་ནས་ཀྱང། །མཆོད་རྟེན་ཚུལ་དུ་བསྡུ་བར་གྱིས། །ལྷ་ཀླུ་ [27B] །ལྷ་མིན་མཁའ་ལྡིང་མི་འམ་ཅི་།སྲིན་པོ་ཤ་ཟ་བརྗེད་བྱེད་ཚོགས། །འཇིགས་པ་དག་ཀྱང་འཇིགས་གྱུར་པའི། །རྣམ་འཕྲུལ་དུ་མ་འདི་སྒྱུར་ཅིག་ གསུང་མཆོག་དེ་སྐད་ཐོས་མ་ཐག་ལག་ན་རྡོ་རྗེ་མཐུ་བོ་ཆེ་།དགའ་མགུ་ཐལ་མོ་རབ་སྦྱར་ཏེ། །སྙན་པའི་ཚིག་གིས་འདི་གསོལ་ཏེ་།གསེར་དང་རིན་ཆེན་ལྔ་པོ་ལས། ། རབ་མཆོག་རི་བོར་གྱུར་པ་ལས། །འགྲོ་རྣམས་ཀུན་གྱི་རྟེན་གནས་དང་།རྟགས་སུ་ཡང་དག་འཛིན་པ་ལྟར། །རྣམ་པར་ཤེས་དང་ཕུང་པོ་བཞི། །འབྱུང་བ་རྣམ་པར་ དག་བསྒྲུབས་པས། །ལྷ་དང་ཕྱག་རྒྱ་འཕྲིན་ལས་སུ། །སྔགས་ཤེས་རྣམས་ཀྱིས་བཟུང་བྱས་ནས། །བརྟུལ་པའི་ཡེ་ཤེས་བྱང་ཆུབ་རིམ་།ཁྱད་པར་དེ་ལ་ལྡན་པར་ འགྱུར༑ ༑དེ་ནས་བཅོམ་ལྡན་ཐུབ་པ་ཆེ། །ཀུན་མཁྱེན་ཡེ་ཤེས་གཙོ་བོ་ཆེས། །སྐུ་ལས་སྣ་ཚོགས་མདངས་འོད་ཅན། །འོད་ཟེར་དུ་མ་བྱུང་ནས་ཀྱང། །གཞི་དང་སྙིང་པོ་མེ་ ཏོག་གིས། །བརྒྱན་པའི་ཞིང་རྣམས་ཁྱབ་བྱས་ཚེ། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །འཇིག་རྟེན་སྐྱོང་དང་བདུན་གྱི་ཚོགས། །མ་ལུས་པ་རྣམས་རྒྱལ་པར་འགྱུར། །ཉན་ཐོས་ རང་རྒྱལ་འདར་བར་གྱུར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི་།ཚོགས་རྣམས་ཤིན་ཏུ་སྐྲག་པར་གྱུར། །དེ་ཚེ་ཕྱོགས་བཅུའི་ཞིང་རྣམས་ནས། །སངས་རྒྱས་ཀུན་གྱི་མཛོད་ [28A]༄༅། །སྤུ་ནས༑ ༑ཁྲོ་བོ་ཆེན་པོའི་ཚོགས་བྱུང་བ། །འོད་ཟེར་རྩེ་མོས་དྲངས་ནས་སུ། །ཞིང་དབུས་དཀྱིལ་འཁོར་འདི་རུ་ལྷགས་།འོད་ཟེར་ཚོགས་ ཀྱང་རབ་འདུས་ནས། །དཔལ་བེའུ་ཉིད་དུ་ཐིམ་པར་གྱུར། །དེ་ཚེ་འོད་དེའི་བྱིན་རླབས་ལས། །མཁའ་ལ་སྒྲ་འདི་གྲགས་པར་གྱུར་།ཤཱཀྱའི་མགོན་པོ་རྫོགས་སངས་ རྒྱས༑ ༑གང་དུ་གཟི་བརྗིད་ཆེ་བཞུགས་སླད། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །རྒྱལ་བའི་སྲས་པོ་ཐམས་ཅད་གཤེགས། །དྲི་མ་མེད་པའི་དམ་ཆོས་མཆོག་ གསང་སྔགས་སྤྱོད་པའི་ཚུལ་དགེ་བ། །ཐོས་ནས་བྱང་ཆུབ་འདུས་མ་བྱས། །འཇིག་རྟེན་མགོན་པོ་བརྙས་པར་གྱུར། །དེ་ནས་ལག་ན་རྡོ་རྗེ་ཚོགས། །འཁོར་གྱི་དཀྱིལ་ འཁོར་ཐམས་ཅད་ཀྱང། །སྙིམ་པ་མེ་ཏོག་བཀང་བྱས་ཏེ། །གཏོར་ནས་ཕྱག་འཚལ་བསྐོར་བ་བྱས། །དང་ཞིང་གུས་པའི་ཚུལ་གྱིས་སུ། པུས་བཙུགས་ཐལ་ སྦྱར་གསོལ་བ་འདེབས། །མི་གནས་ཡེ་ཤེས་ཆེ་བའི་མཆོག་ཡོན་ཏན་རྒྱ་མཚོ་འབྱུང་བའི་གཙོ། །མཚན་ཉིད་ཐམས་ཅད་རབ་བརྒྱན་པ་།མཚན་མིན་སྤངས་པའི་ ཐུབ་པ་ཆེ། །དྲི་མེ་དགེ་བ་ཇི་ལྟར་ལགས། །གསང་སྔགས་ཚུལ་དུ་སྤྱོད་པ་ཅི། །འདུས་མ་བྱས་པའི་བྱང་ཆུབ་གང། །འཇིག་རྟེན་མགོན་པོ་ཇི་ལྟར་འགྱུར། །བདག་ [28B] །འགྲོ་ལ་ཐུགས་རྗེ་ཆེ་མཛད་ཕྱིར། །མགོན་པོ་བཅོམ་ལྡན་ཐུབ་པ་ཆེ། །ཡང་དང་ཡང་དུ་བཤད་དུ་གསོལ། །དེ་ནས་ཡང་དག་རྫོགས་སངས་རྒྱས། ། རྐང་གཉིས་གཙོ་བོས་བཀའ་སྩལ་པ། །གསང་བའི་དབང་ཕྱུག་རྡོ་རྗེ་འཛིན། །ཤེས་རབ་ཆེན་པོའི་སྤྱན་ལྡན་པས། །བདག་གཞན་ཕན་དོན་ལ་བརྩོན་ཕྱིར། །ལེགས་པར་ ཉོན་ལ་ཡིད་ལ་ཟུངས། །ཡང་དག་ཡང་དག་མཐའ་མིན་ཚུལ། །དེ་ནི་ང་ཡིས་བཤད་པར་བྱ། །སྲོག་གཅོད་མ་བྱིན་ལེན་རྫུན་འཁྲིག་ཚིག་རྩུབ་དབྱེན་དང་ངག་ཀྱལ་ སྨྲ༑ ༑བརྣབ་སེམས་གནོད་སེམས་ལོག་ལྟ་ཆང། །དྲི་རོ་ངན་པའི་ཟས་སྐོམ་དང། །སྲོག་ཅན་ཤ་ཁྲག་ལོག་འཚོར་བཅས། །སློབ་དཔོན་དགེ་འདུན་མཆོད་རྟེན་སོགས། །ཁྱད་ པར་ཡུལ་ཅན་ཡོ་བྱད་དང། །དམན་ཞིང་ཉམ་ཐག་འཕྲོག་དགུ་དང་གླེགས་བམ་ཚོང་དང་ཆོས་ཀྱི་ཟོང། །གཡང་ས་རལ་གྲི་སོ་དགུ་སོགས། །མེ་འོ་བས་ལྟར་མཐོང་སྤངས་ ནས་ཀྱང། །རྣམ་པར་དཀར་ལ་སོགས་པར་བྱ། །ཡི་གེ་འབྲི་མཆོད་སྦྱིན་སྩོལ་དང། །ཉན་དང་འཛིན་དང་ཀློག་པ་དང། །མཆོད་པ་དང། ནི་ཁ་ཏོན་དང། །དེ་དག་སེམས་དང་ སྒོམ་པ་སྟེ། །དཀར་བཅུ་ལམ་ལ་ཡུན་རིང་དང། །ནུབ་བཅུས་རྒྱུན་མི་འཆད་དུ་འབད། །གཏན་པ་མེད་པའི་བྱང་ཆུབ་སེམས། །ཤེལ་ལྟར་དྲི་མ་མེད་པའོ། །མཆོག་འདི་སྤྱད་ [29A]༄༅། །པས་སྡུག་བསྔལ་ཚོགས། །མྱུར་དུ་གཅོད་པས་དགེ་བའོ། །ཆོས་བདག་མེད་དང་མཉམ་ཉིད་དང། །རང་སེམས་གདོད་ནས་དག་པ་གང། ། སྒྱུ་འདྲ་འདུ་བྱེད་མེད་པ་དང། །ཟག་བཅས་དེ་དང་བྲལ་བ་ལས་།བྱང་ཆུབ་ཕྱོགས་ཆོས་མ་ལུས་པ། །ཆོས་ཉིད་བདག་མེད་སྤྱོད་པ་ནི། །ཆོས་དབྱིངས་ཡེ་ཤེས་ མངོན་བྱས་ནས། །མ་འདྲེས་ཆོས་རྣམས་རྫོགས་གསལ་བ། །འདུས་མ་བྱས་ཀྱི་བྱང་ཆུབ་སྟེ། །ཆོས་རྣམས་ཀུན་གྱི་གཞི་ལུས་སོ། །འདོད་པའི་ཁམས་སོགས་ཡོན་ ཏན་ལ༑ ༑ཤིན་ཏུ་བདེ་རོལ་སྤྱད་པ་སྤྱོད། །སངས་རྒྱས་མུ་སྟེགས་ཅན་རྣམས་ཀྱི། །ལྐོག་ཏུ་གྱུར་པ་གསང་བ་སྟེ། །བསྐལ་པ་བསམ་ཡས་དཔག་མེད་དུ། བརླབ་ དཀའ་ཡངས་ཟབ་རྒྱ་ཆེན་རྣམས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དུ། །ལུས་ངག་ཡིད་ལ་གང་གནས་པ། །དབྱེར་མེད་ཚུལ་དུ་སྐྱོབ་པས་ན། །སངས་རྒྱས་ཀུན་ གྱིས་སྔགས་སུ་བརྗོད། །མཚན་དང་དཔེ་བྱང་ལྡན་པའི་སྐུ། །ཡོན་ཏན་མཐའ་དག་རྫོགས་པ་ནི། །བདེན་པ་གཉིས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ ཀྱི་མགོན། །ལ་ལ་འཁོར་ལོས་བསྒྱུར་བའི་གཟུགས། །ལ་ལར་དག་སྦྱོང་ཆེན་པོའི་གཟུགས། །ལ་ལར་སྲིན་པོ་སྲིན་མོའི་གཟུགས། །ལ་ལར་འགྲོ་བ་བཟང་པོའི་ [29B] །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །སེངྒེ་ལྟར་གཟིགས་མཛད་ལ་སོགས། །སྣ་ཚོགས་དུ་མ་མཛད་པ་ནི། །རྐང་གཉིས་ལྷ་མིན་རྣམ་གཉིས་སོགས། །འགྲོ་བའི་མགོན་ པོར་གྱུར་པའོ། །རྟག་དང་འདྲ་དང་ངེས་མེད་པའི། །གཙོ་བོ་བསམ་པས་གྱུར་པ་རྣམས། །འཇིག་རྟེན་ཕལ་བའི་མགོན་པོ་སྟེ། །གཟུགས་བྱད་ཁ་དོག་ཐ་དད་པ། །ཡུལ་དུས་ རྣམ་པའི་བྱེ་བྲག་གིས། །གྲངས་མི་བྱུང་བ་མཆོད་འོས་སོ། །ཐུབ་པས་གསུངས་པའི་དེ་མ་ཐག་རྡོ་རྗེ་ཅན་གྱིས་བཞེངས་ནས་ཀྱང་།ཕྱག་འཚལ་བསྐོར་བ་བྱས་ནས་ནི། ། སྤྱན་སྔར་འདུག་ནས་འདི་སྐད་གསོལ། །འདྲེན་པ་གཙོ་བོ་བཅོམ་ལྡན་འདས། །སྔགས་ཞེས་པ་ནི་གང་གང་ཡིན། །ཕྱག་རྒྱ་ཞེས་ནི་ཅི་ལྟ་བུ། །ཏིང་འཛིན་ཞེས་ནི་ཇི་ལྟར་ བཤད༑ ༑ལུས་ངག་ཡིད་ལ་ཇི་ལྟར་གནས། །དབྱེར་མེད་ཚུལ་དུ་ཇི་ལྟར་སྐྱོབ། །བདག་ལ་ཕན་པའི་དོན་ཕྱིར་དང། །གཞན་ལ་བརྩེ་ཕྱིར་བཤད་དུ་གསོལ། །དེ་ནས་རྒྱལ་བ་ གཙོ་མཆོག་ནི། །ལྗགས་ཀྱི་དབང་པོ་བཀྲམ་བྱས་ཏེ། །ཚངས་པ་ཆེན་པོའི་གསུང་སྙན་གྱིས། །རྣམ་རྟོག་ཟད་ཕྱིར་འདི་གསུངས་སོ་།སྙིང་པོ་ཉེ་སྙིང་རྩ་བའི་སྔགས། །ལས་ཀྱི་ སྔགས་སུ་གྱུར་པ་སྟེ། །སྙིང་པོ་བརྗོད་དང་ས་བོན་ནོ། །ཉེ་སྙིང་ཡེ་ཤེས་མཆོག་དང་ནི། །གསང་བའི་སྙིང་པོ་ཞེས་གྲགས་སོ། །ལས་ཀྱི་སྔགས་ནི་གཉིས་ཡིན་ཏེ། བདག་ [30A]༄༅། །ཉིད་བརྟན་བྱེད་ལས་སྔགས་དང། །སྦྱོར་ཚོགས་གྲུབ་པར་བྱེད་པའོ། །ཕྱག་རྒྱལ་ལག་པའི་འདུ་བྱེད་དང། རྐང་པ་སྟབས་ཀི་འགྱུར་བའོ། །རྟགས་ སུ་མཚོན་དང་འདེབས་པ་དང། །འགྱུར་བ་མེད་པར་བྱེད་པས་ན་།ཕྱག་རྒྱ་ཞེས་སུ་བཤད་པའོ། །རང་གི་རྩེ་གཅིག་སེམས་བསྡུས་ན་།སེམས་ལ་ལྷག་པའི་ཆོས་ འབེབས་པ། །དེ་ནི་ཏིང་ངེ་འཛིན་ཞེས་བྱ། །དེ་ལྟར་དེ་དག་ལ་བརྟེན་ནས། །སྔ་མའི་གནས་དེ་ཡོངས་གྱུར་ནས། །སྒོ་ང་བྲལ་བའི་འདབ་བཟང་ལྟར། །ལུས་འདི་མཁའ་ལ་ ཆེར་སོང་ནས། །རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ། །རྒྱལ་བའི་དམ་ཆོས་མཉན་ནས་ཀྱང། །རྒྱལ་སྲས་ཀུན་ལ་བཤད་པ་དང། །སྐད་ཅིག་མཁྱེན་པའི་ཤེས་ པས་ཀྱང། །ཤེས་བྱ་མ་ལུས་ཕྱོགས་ཁྱབ་པ། །ལུས་ངག་ཡིད་ལ་གནས་པའོ། །སེམས་དང་ཡིད་ནི་འདྲེས་པའི་ཚེ། །ཡེ་ཤེས་བདེ་བར་ཤར་བ་ནི། དུས་གསུམ་ སངས་རྒྱས་ཐམས་ཅད་ཀྱིས། །དབྱེར་མེད་ཚུལ་དུ་སྐྱོབ་ཅེས་གསུངས་།འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། ལྷག་པར་གནས་པའི་དོན་ ཡོངས་སུ་བཀོད་པའི་ལེའུ་སྟེ་དང་པོའོ།། །།ཞི་བས་གདུལ་དཀའ་བགེགས་ཆེན་དང། །ལོག་འདྲེན་དེ་རྣམས་འདུལ་བའི་ཕྱིར། །སེམས་ཀྱི་བྱེ་ [30B] །དེ་དང་གཟུགས་འདྲས་གཞོམ་པའི་ཕྱིར་།རྟོག་མེད་ནམ་མཁའི་ལམ་གནས་ཏེ། །རྫོགས་སངས་གདུལ་དཀའ་འདུལ་མཛད་སྐུ། །རབ་འཕགས་ ཁྲོ་བོ་སྟོབས་ཆེན་དཔལ། །སངས་རྒྱས་ཀུན་གྱི་སྲས་ཀྱི་སྲས། །མི་གཡོའི་མཚན་གྲགས་དེ་ལ་འདིར། །རྒྱལ་དང་རྒྱལ་སྲས་རྟག་ཕྱག་འཚལ། །ཚངས་སོགས་ལྷ་དང་ ལུས་ཅན་ཀུན། །དེ་ལ་རྟག་ཏུ་མཆོད་པར་བྱེད། །རྒྱལ་བས་བྱས་གཟོ་རྒྱལ་སྲས་ཀྱི། །སྨོན་རྫོགས་བསམ་གྱིས་མི་ཁྱབ་པའི། །ཡེ་ཤེས་རྫོགས་ནས་མི་གཡོའི་ས། །ཐོབ་ པས་མི་གཡོ་བ་ཞེས་བྱ། །ཕས་ཀྱི་རྒོལ་འཇོམས་དཔའ་བོ་སྟེ། །ཚར་གཅོད་པ་ནི་ཁྲོ་བོ་ཡིན། །སྔགས་ཀྱི་བདེན་ཚིག་མི་སླུ་བས། །ཉན་ཐོས་བདུད་ཚོགས་ཀྱིས་མི་གཡོ། ། རྟོག་མེད་བདུད་རྩི་ཁྲོ་བས་རྒྱལ། །རྫུ་འཕྲུལ་བསྐྱོད་མེད་མི་གཡོ་བ། །དེ་བཞིན་ཉིད་ཀྱི་སྙིང་པོ་མཆོག་སྟོང་ཉིད་ལས་བྱུང་རྒྱལ་བའི་སྐུ། །ཆོས་དབྱིངས་བདག་ཉིད་ལ་ བཞུགས་ནས། །སྤྲུལ་འདིས་སྲིད་པའི་ཁམས་སྦྱོང་མཛད། །མཁའ་ལྟར་དྲི་མེད་སྤྲོས་བྲལ་བས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་།སྤྲོས་མེད་ནམ་མཁའི་ རང་བཞིན་ལ། །ཐ་དད་ཙམ་དུ་གསང་སྔགས་ཞེས། །བརྗོད་ཀྱང་ངག་གི་སྤྱོད་ཡུལ་འདས། །སྐྱོབ་པས་ཐ་སྙད་རྟོགས་ཕྱིར་གསུངས་།སེམས་མེད་རང་བཞིན་སྟོང་པ་ཉིད། །སྒྱུ་ [31A]༄༅། །འདྲར་ཡིད་ཀྱིས་བསྒོམ་པ་ཡིན། །དངོས་མེད་མཉམ་མཛེས་འདོད་དོན་རྣམས། །གསང་སྔགས་མགོན་འདིས་བརྗོད་པས་སྩོལ། །མུ་སྟེགས་བདག་དང་ སྲོག་གང་ཟག་གཙོ་བོ་སྐྱེས་བུ་ཁྱབ་གནས་པས། །འཁོར་བ་རྟག་འདོད་ང་རྒྱལ་རྨོངས། །ལོག་པའི་ཞགས་བཅིངས་སྡུག་བསྔལ་སྐྱེད་།བདག་མེད་སྲོག་མེད་སེམས་ཅན་མེད།། བྱེད་པོ་མེད་ཅིང་གཙོ་བོ་མེད། །ཁྱབ་གནས་མེད་ཅིང་དངོས་པོ་མེད་།རྫས་ལ་སོགས་པའི་རང་བཞིན་མེད། །ལོག་རྟོག་སྲིད་འཆིང་ཞགས་བཅད་ཕྱིར། །དངོས་མེད་སྣ་ཚོགས་ གཟུགས་བསྒོམས་པས། །དངོས་གྲོལ་སྟོང་ཉིད་གོ་འཕང་ཐོབ། །ཕྱི་ནང་ཁྱད་པར་གོམས་པའོ། །དབུ་བ་ཆུ་བུར་སྒྱུ་འདྲར་བསྒོམ་།སྟོང་ཉིད་ལས་ལྡང་ཏིང་འཛིན་གྱིས། །རྣམ་ རྟོག་སྡིག་བཅིངས་ལས་གྲོལ་ནས། འཆི་མེད་ཡེ་ཤེས་གོ་འཕང་ཐོབ་།ཕུང་པོ་ཁམས་དང་སྐྱེ་མཆེད་མེད། །ཀུན་གཞི་མེད་དེ་གང་ཟག་མེད། །གཟུང་འཛིན་མེད་དེ་བཅིངས་ མེད་པར། །རྒྱལ་བ་རྣམས་ཀྱིས་རྟག་ཏུ་བཤད། །ཀུན་མེད་ཀུན་བྲལ་ཀུན་སྤངས་པའི། །སྟོང་ཉིད་བྱང་སེམས་སྒྱུ་འདྲ་བར། །བག་ཡོད་པས་ནི་རྟག་བསྒོམས་ན། །བྱང་ཆུབ་སེམས་ ཀྱི་མྱུ་གུ་འཆར། །ཡིང་བཞིན་ནོར་འདྲ་རྫུ་འཕྲུལ་ཆེ། །མཁའ་ལྟར་གོས་པ་མེད་པའི་སྐུ། །སྔགས་སྤྱོད་བྱང་ཆུབ་སེམས་དཔའ་ཡི་།བྱང་ཆུབ་སེམས་ཀྱི་སྒོམ་པ་ཐོབ། །ངོ་ [31B]ཁྲོ་བོ་རྣམས་ཀྱིས་གཙོ་བོ་བསྟོད། །རྟག་ཏུ་དག་ཅིང་དྲི་མེད་པ། །རྣམ་རྟོག་རྒྱུན་འགའ་ཀུན་རྟོག་མེད། །རྟག་རྟོག་མེད་ལ་ཞུགས་པ་ཡི། །དཔའ་ བོ་ཆེན་པོ་ཕྱག་འཚལ་བསྟོད། །ཆེས་ཀུན་གཡོ་བ་མེད་པ་ཁྱོད་།སྤྱོད་ཡུལ་ཀུན་ཏུ་ལེགས་སྦྱར་བས། །ཀུན་མཁྱེན་གཡོ་བ་མེད་པ་རྟག་།རང་བཞིན་སྤྲོས་བྲལ་ཁྱོད་ཕྱག་ འཚལ༑ ༑སེམས་ཅན་སྣ་ཚོགས་ཕན་དོན་དུ། །མཛད་སྤྱོད་སྣ་ཚོགས་གསུངས་པའོ། །དག་པའི་ལམ་རྣམས་ཡང་དག་འབྱུང། །རྣམ་དག་སེམས་ལ་ཕྱག་འཚལ་བསྟོད། ། མུན་པ་ཕྲ་རབ་རྡུལ་སྤངས་བའི། །སྤྲིན་བྲལ་ནམ་མཁའ་དག་པ་ལྟར། །མགོན་པོ་ཁྱོད་སྐུ་ཤེལ་སྒོང་ལྟ། །ཀུན་རྟོག་སྤངས་ལ་ཕྱག་འཚལ་བསྟོད། །སྤྲོས་མེད་ནམ་མཁའ་ ལྟ་བུ་ལ༑ ༑དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་ཁམས་སྐྱེད་ཆེད་ཤིན་ཏུ་དག་ཡེ་ཤེས་རྒྱ་མཚོ་ཕྱག་འཚལ་བསྟོད། །མཁའ་ལ་འཇའ་ཤར་སྣ་ཚོགས་ལྟར། །གཙོ་ཁྱོད་དག་ པའི་སེམས་ཅན་གཟིགས། །ངན་འགྲོ་ཀུན་སྒྲོལ་དཔའ་ཆེན་འཁྲུངས། །གོ་ཆ་ཆེན་པོ་ཕྱག་འཚལ་བསྟོད། །ཆོས་ཉིད་ལས་བྱུང་སྙིང་པོ་ནི་།ཡི་གེ་གཅིག་པ་གཟི་བརྗིད་ཆེ། །སེམས་ཅན་ སྡུག་བསྔལ་ས་གཞི་ལ། །མུན་འཁྲིགས་སེལ་ལ་ཕྱག་འཚལ་སྟོད་།སྔགས་མཆོག་གཟོ་བོའི་གསང་བ་འདིས། །རྒྱལ་སྲས་ཆོས་འཕེལ་ཤེས་རབ་སྐྱེད། །བླ་མེད་གོ་འཕང་མྱུར་ [32A]༄༅། །འགྲོ་གསུངས། །གཙོ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །དངོས་ཀུན་གྱུར་དང་བཅས་པ་ཡི། །ལས་དང་སྐྱེ་ལས་རྣམ་པར་གྲོལ་།རྒྱལ་བ་རྒྱུ་མེད་བདག་ཉིད་ འཁྲུངས། །གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །དངོས་མེད་ཡེ་ཤེས་མེ་ལྕེ་ཡིས། །འདུས་བྱས་རི་བོ་ཀུན་བསྲེགས་ནས། །ཆོས་དབྱིངས་རང་བཞིན་གཅིག་ཏུ་རྒྱལ། །བླ་མེད་ སྐུ་ལ་ཕྱག་འཚལ་བསྟོད། །བསྟོད་པའི་དོན་དེ་ཐུགས་ཆུད་ནས་།འགྲོ་ལ་ཕན་ཕྱིར་ཆོ་ག་གསུངས། །གསང་སྔགས་ལོག་པར་སྤྱོད་པ་དང། །སེར་སྣ་ལོག་པར་གོམས་པ་ལས། །འདོད་ པས་ནོན་པའི་སེམས་རྟོག་གིས། །སྔགས་པ་ཡི་དྭགས་གནས་སུ་སྐྱེ་།དང་པོས་མར་མེ་མེ་ཏོག་དང། །ཞལ་ཟས་གཏོར་མ་ཕྲེང་བ་སོགས་།མཆོད་པའི་རྫས་དང་པོ་བྱད་དང། །མི་ཡི་ལུས་ དང་ཁ་ཟས་ལ། །འཚེ་ཞིང་སྒྲུབ་པའི་བར་དུ་གཅོད། །མི་སྡུག་ནད་སྐྱེད་ལོ་ཏོག་འཚེ། །གཉིས་པ་གནོད་སྦྱིན་དྲག་བྱུར་ནས། །ཤ་ཁྲག་ཆང་ལ་སྣོམ་ཞིང་རྒྱུག་ཐོས་ བསམ་སྒྲུབ་པའི་བར་གཅོད་ཅིང། །ནད་སྐྱེད་ཚེ་ལེན་ལོག་ལྟ་སྐྱེད་།རིག་སྣགས་འཆང་གི་གདོན་གཞོམ་ཕྱིར། །སྒྲུབ་པོས་འབད་དེ་སྔགས་བརྗོད་བྱ། །སྔགས་ མཐུ་སྐྱེད་པ་གཏོར་མ་དང། སྤྱིན་སྲེག་ཕྱག་རྒྱ་སྔགས་བཅས་དང། མནན་པའི་ལས་ཀྱིས་ནགས་མེ་ལྟར། །ཐོགས་པ་མེད་པར་འཇོམས་པར་འགྱུར། །དེ་དག་ [32B] །དེ་གསལ་བྱེད་པ་རས་རིས་ཡིན། །དེ་ཀུན་རྣམ་དག་གསལ་བྱེད་པ། །བྱང་ཆུབ་སེམས་མཆོག་ཞི་བ་ནི། །ལོག་རྟོག་འཁོར་བའི་ཟོ་ཆུན་ལ། །རལ་ གྲི་རྣོན་པོའི་སྟ་རེ་ལྟར། །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། དེ་བཞིན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྔགས་ དང་ཕྱག་རྒྱ་དག་འབྱུང་བར་རབ་ཏུ་བཤད་པར་བྱ། །ན་མཿ་སརྦ་ས་པ་རི་པུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ་ཧཱཾ། སྙིང་བོ་དམ་པའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ་ སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ། ཧཱུཾ། ཊ་ཏ་ཧཾ་མཾ། སྙིང་པོའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ་ཧྲ་ཏ་ཨ་མོ་གྷ། ཙཎྜ་མ་ཧཱ་རོ་ཥ་ ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་ས་མ་ཡ་ཧཱུཾ། ཊ་ཊ་ཧཾ་མཾ། ཉེ་བའི་སྙིང་པོའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦཱ་ཐཱ་ཨ་ཙ་ལཱྲྐ་ན། ནྚྚ་ནྚྚ། མོཊྚ་མོཊྚ། སྚྚ་སྚྚ་ ཏྚྚ་ཏྚྚ། ཏིཥྛ་ཏིཥྛ། ཨཱ་བེ་ཤ་ཨཿ་མཊ། མ་ལ་ཀ་དྷ་ཎ་དྷ་ཎ། ཏི་ཎི་ཏི་ཎི། ཁཱ་ད་ཁཱ་ད། བིགྷྣན། མཱ་ར་མཱ་ར་དུཥྚན། རྐྵ་རྐཥ་ས་ཏྲཾ། ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཛི་ ཡ་བཛྲ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། ཏྲི་བི་ལ་ཏ་ར་ག། ནྲྟ་ཀ། ཧཾ་ཧཾ་ཧཾ། ཨ་ཙ་ལ། ཏེ་ཙེ། ཕཊ་ཕཊ། ཨ་ཧཱུཾ། ཨ་ས་མྣྟ་ཀ། ཊ་ཊ། མ་ཧཱ་བ་ལ་ས་ཏ་ཨ་མ་ན་ཡ། ཏྲཾ་མཾ་ཧཾ། ཤུངྡྷྱ་ཏུ་ལོ་ [33A]༄༅། །ཀ་ཏུ་ཥྱན་ཏུ་ལོ་ཀ་བཛྲི་ན་མཿ་སྭ་པྲ་ཏི་ཧ་ཏ་བ་ལེ་བྷྱོ། །ཛ་ལ་མ་ཏྲ་ཏ། ཨ་ས་ཏ་ན་མཿ་སྭ་ཧཱ། གསང་བའི་སྙིང་པོའོ། །དེ་ནས་ཕྱག་རྒྱ་སྟངས་ སྟབས་ཀྱིས་བརྗོད་པ་འདིར་གསུངས་སོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ། ཛྙཱ་ན། ཁ་ཊཱཾ་ག་ཧཱུཾ་ཕཊ་ རལ་གྲིའི་ཕྱག་རྒྱའི་སྔགས་སོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཏེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོམ་གྲྀཧྞ་གྲྀཧྞ། ཁཱ་ད་ཁཱ་ད། པཱ་ཤ་ན། བྣྡྷ་བྣྡྷ། མ་ཧ་ཨཱ་རྱ་ཏེ། དྷ་རྨ་ ཏེ་སྲཱ་ཧཱ༑ ཞགས་པའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོམ་རྐྵ་རྐྵ། ཧ་ན་ཧ་ན། ཀུཊྚ་ཀུཊྚ། མཱ་ར་ཡ་དུཥྚ་བ་ནཱི་ཡ་ཀཾ་ཧཱུཾ་ཛ། གོ་ཆའི་འོ།། ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་དྷཱ་ར་དྷ་ར་བཛ་ན་ལི། ཁ་ཊཱཾ་ག་པཱ་ཤ་དྷ་ར་སཱ་ཧཱ། གཙུག་ཏོར་གྱིའོ། །ན་མཿ་སརྦ་ས་པ་རི་པཱུ་ཏ་ཀེ་བྷྱ་སརྦ་ ཏ་ཐ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་བྷཉྫ་བྣྡྷ་ད་ཧ་པ་ཙ་བྷ་སྨི་ཀུ་རུ་ཀུ་རུ་ཧ་ན་ཧ་ན་བཛ། གྲྀཧྞ་གྲྀཧྞ་ཕཊ། ཐོ་བའི་འོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་ཤྱ་སརྦ་ཐཱ། ཨོཾ་ཥྚ་ ན་ཏ་མུ་རྟི། ད་ཧ་ད་ཧ། སཱ་དྷ་ཡ་སཱ་དྷ་ཡ། བི་ཛ་ཡ་བི་ཛ་ཡ། བི་ཛ་ཡ་ཀཱི་རྟི་སཱ་ཧཱ། མགོ་བོའི་ཕྱག་རྒྱའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་བཧུ་དྷ་ར་དྷ་ར་ [33B] བུ་ར་བུ་ས་ལ་ཡ། རྐྵ་རྐྵ་སརྦ་སཱ་ཧཱ། རྡོ་བའི་ཕྱག་རྒྱའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་བཛྲ་ཧྲི་ད་ཡ། བཛྲ་མ་ ཏཾ་གི་སཱ་ཧཱ། སྙིང་གའི་ཕྱག་རྒྱའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་གཱ་ཏེ་བྷྱ་སརྦ་ཐཱ། ཨོཾ་ཧཱུཾ་ད་ཧ་ད་ཧ། ཀིཉྩི་རཱ་ཡ་སི། ཨཱ་ན་ཡུ་ཤྲི་གྷྲཾ། རྐྵ་རྐྵ། བྣྡྷ་བྣྡྷ་ དུཥྚ་ན༑། ད་མ་ད་མ་སཱ་ཧཱ། ཕྱོགས་བཅིང་བའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་དུ་ན་དུ་ན་མ་ཧཱ་པཱ་ཤ་ཁ་དའྭཾ་ག་དྷ་རས་པ་རི་པཱུ་ར་ཀེ་སཱ་ཧཱ། བཀའ་ རྟགས་ཀྱིའོ། །ན་མཿ་སརྦ་ས་པ་རི་བུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་ག་ག་ན་གྣྡྷོད་བྷ་བ། མ་ཧཱ་ས་མ་ཡ། པ་རི་པཱུ་ར་ཀེ་སཱ་ཧཱ། དྲིའི་ཕྱག་རྒྱའོ། །ན་མཿ་སརྦ་ ས་པ་རི་པཱུ་ར་ཀེཿ་སརྦ་ཏ་ཐཱ་ག་ཏི་བྷྱ་སརྦ་ཐཱ། ཨོཾ་བི་ཤུངྡྷ་ཛྙཱ་ན་རཱ་ཛི་སཾ་བྷ་ཕེ་ག་ག་ནཱ་ནཱ་ན་ཧཱ་སཱ་ཧཱ། མ་མོའི་ཕྱག་རྒྱའོ། །ན་མཿ་སརྦ་ས་པ་རི་པུ་ར་ཀེ་བྷྱ་སརྦ་ཏ་ཐཱ་ག་ཏེ་ བྷྱ་སརྦ་ཐཱ། ཨོཾ་ཤུངྡྷ་དྷ་རྨ་ཏེ། ཤུངྡྷྱ་ཤུངྡྷྱ་།གྲྀཧྞ་གྲྀཧྞ། སརྦ་ས་པ་རི་པཱུ་ར་ཀེ་བྷྱ་བའྭ་ཧཱ། གཏོར་མའི་ཕྱག་རྒྱའོ། །ན་མཿ་སརྦ་ས་པ་རི་པུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ ཐཱ༑ ཨོཾ་ཤུགྣྡྷ་མ་ཧཱ་ཛྙཱ་ན་སྭ་བྷ་བེ། ཏི་ཥྛ་ཏིཥྛ་མ་ཧཱ་ན་ཡེ་སཱ་ཧཱ། བདུག་པའི་འོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་ག་ག་ནི་བི་ཀྲཱནྟ་གཱ་མི་ནི་ [34A]༄༅། །མ་ཧཱ་ཤྔྡྷ་ན་ཡེ་སཱ་ཧཱ། མེ་ཏོག་གིའོ། །ན་མཿ་སརྦ་ས་པ་རི་པུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་ཧ་ན་ཧ་ན། པ་ར་མ་བི་ཤུངྡྷེ་དྷ་རྨ་ ན་ཡ་པ་རི་པཱུ་ར་ཏེ་བྷྱ་སཱ་ཧཱ། ཞལ་ཟས་ཀྱིའོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཏེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་ཨ་པྲ་ཏི་ཧི་ཏོ་ན་དྱ་ཏ། ད་མ་ད་མ། སརྦ་ཐཱ། ས་པ་རི་པཱུ་ར་ཀེ་ བྷྱ་སཱ་ཧཱ། དཔའ་བོ་སྤྱན་དྲང་བའིོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་བི་ཤུངྡྷ་བི་ཤུངྡྷ། ས་ཀྲ་སྭ་བྷཱ་བ་ཨཱ་ན་ཡ། མ་ཧཱ་ན་ཡ་ སཱ་ཧཱ། བྱང་ཆུབ་སེམས་དཔའ་སྤྱན་དྲང་བའི་འོ། །ན་མཿ་སརྦ་ས་པ་རི་པུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ་ཨོཾ་བི་ཤུངྡྷ་སཱ་ཧཱ། ཧ་ན་ཧ་ན། ད་མ་ད་མ། མ་ཧཱ་ན་ ཡེ་སཱ་ན༑ ཉན་ཐོས་སྤྱན་དྲང་བའི་འོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་བྫྲ་ཀརྵ་ཡ། ཤྲི་གྷྲཾ་ད་ཧ་ད་ཧ། པ་ཙ་པ་ཙ། མ་ཧཱ་པ་ རི་ཝཱ་རེ་སཱ་ཧཱ། ཕོ་ཉ་ཕོ་མོ་སྤྱན་དྲང་བའི་འོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་མ་ཐ་མ་ཐ། སཱ་ན་ཡ་ཨཱ་ན་ཡ། པྲ་བེ་ཤ་ཡ་པྲ་ བེ་ཤ་ཡ༑ སརྦ་ཏ་ཐཱ་ག་ཏ། སརྦ་དེ་བཾ། ཏ་མ་ཏ་མ། མ་ཧཱ་ན་ཡ། བི་ར་ཝཱ་རེ་ཧཱུཾ་སཱ་ཧཱ། འཇིག་རྟེན་པ་རྣམས་སྤྱན་དྲང་བའི་འོ། །ན་མཿ་སརྦ་པ་རི་པཱུ་ར་ཀེ་བྷྱ། སརྦ་ [34B] སརྦ་ཐཱ་ཨོཾ་ས་ཏྱ་ས་ཏྱ། མ་ཧཱ་ས་དཱ་ཡ། ད་མ་ད་མ། མ་ཧཱ་ད་མ། ཨཱ་ཀྲྵ་ཡ་ཨཱ་ཀྲྵ་ཡ། ཨ་དྱ་བ་མ་ཧཱ་ན་ཡ་ཤུངྡྷེ་སཱ་ཧཱ། དྲང་སྲོང་སྤྱན་དྲང་བའིོ།། ན་མཿ་སརྦ་ས་པ་རི་པཱུ་ར་ཏེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། མ་ཧཱ་ས་ཏྱ་བ་དི་ནི། སརྦ་ཧི་ཏི་སཱ་ཧཱ། སྲིན་མོ་རྣམས་སྤྱན་དྲང་བའིོ།། ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་ཧྲི་ཧཱ་དཱ། མ་ཐ་མ་ཐ། ད་མ་ད་མ། ཧ་ན་ཧ་ན། མ་ཧཱ་ན་ཡེ། མ་ར་མ་ར། ཧ་སཱ་ཧཱ། མ་མོ་རྣམས་ སྤྱན་དྲང་བའིོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་ཧ་ན་བཛྲ་ཧཱུཾ་ཕཊ་སརྦ་དུཥྚ་གྲ་ཧཾ། མ་ཐ་མ་ཐ། བྷཉྫ་བྷྙྫ། སརྦ་བིགྷྣན། ད་མ་ ད་མ། སརྦ་དུཥྚ་ན་ཨོཾ་ཧཱུཾ་ཕཊ་སཱ་ཧཱ། རྐང་སྟབས་ཚམ་ངམ་གྱི་སྔགས་སོ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་ཨཱ་ཧཱུཾ། ཨཱ་ཀཱ་ཤཱ་ག་ག་ན་ སྥ་ར་ཎ་ཁཾ་སཱ་ཧཱ། འོ་ཐུག་འཁུར་བ་འབྲུ་སྣ་ཚོགས། །སྤོས་དང་མེ་ཏོག་ལ་སོགས་པ། །ཅི་འབྱོར་འབྱོར་བའི་གཏོར་མ་ནི། སྔགས་དེས་སྤྲོ་ཞིང་སྤེལ་བར་བྱ། །ན་མཿ་ སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་སྭ་བྷཱ་བ་སརྦ་ཐཱ་བྷྱོ་བཱཾ་སཱ་ཧཱ། ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ་ཨོཾ་ལྦྡྷེ་སརྦ་ག་ག་ [35A]༄༅། །ན་ལ་བྡྷ་ཡ་སཱ་ཧཱ། །ན་མཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་སརྦ་སིངྡྷི་དའྭ་དྷ་མི་ཧཾ་སཱ་ཧཱ། བྱིན་རླབས་བཞིན་ དུ་བསྒྱུར་བ་དང། ཀུན་གྱིས་ཐིམ་པར་བྱ་བ་དང། །འདོད་པའི་ལས་རྣམས་གང་དང་གང། གྲུབ་པར་བྱ་བའི་སྔགས་ཡིན་ནོ།། གཟའ་ཆེན་བརྒྱད་དང་རྒྱུ་སྐར་ ཡང། །ཉི་ཤུ་རྩ་བརྒྱད་རྣམས་ཀྱི་སྔགས། །ན་མཿ་སརྦ་པ་རི་པཱུ་ར་ཀེ་བྷྱ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨཱ་དི་དྱ། སོཾ། ཨཾ་གི་རཿ་བུངྡྷ་བྲྀ་ཧ་སྦ་ཏི། ཤུ་ཀྲཿ། ཤ་ ནེ་ཤྕ་རཿ། རཱ་ཧཿ། ཀེ་ཏུཿ། ཀྲྀ་ཏྟི་ཀཱ། རོ་ཧི་ཎཱི། མྲྀ་ག་ཤི་རཱ། ཨརྡྲ་བུ་ནརྦ་སུ། པུ་ཥྱ། ཨ་ཤླེ་ཤཱ། མ་གྷ་ཕུརྦ་ཕཀྒུ་ནཱི་ཨུཏྟ་ར་ཕལྒུ་ནཱི། ཧ་སྟཱ། ཅི་དྲཱི་སཱ་སྟི། བི་ཤཱ་ཁཱ། ཨ་ནུ་ རཱ་དྷཱ༑ ཛྱེཥྛ་མུ་ལ། པུརྦཱ་ཥཱ་ཌྷཱ། ཨུཏྟ་རཱ་ཤཱ་ཌྷཱ་ཤྲ་པ་ཎ་ཨ་བི་ཛི་ཏ། ཤ་ཏ་བཧི་ཥཱ། དྷ་ནི་ཥྛ། པཱུརྦ་བྷ་དྲ་པཱ་དཱ། ཨུཏྟ་ར་བྷ་དྲ། པྲ་དཱ་བཻ་བ་ཏྲི། ཨ་ཤྭ་ནཱི། བྷ་ར་ཎི། ཨོཾ་དང་སཱ་ཧཱར་ བཅས་པ་ནི། རང་རང་སྙིང་པཱི་སྔགས་ཡིན་ཏེ། །གང་འདོད་ལས་ཀྱང་སྦྱར་བར་བྱ། །མཆོད་པའི་རིགས་ཀྱང་ཐ་དད་བྱ། །ན་མཿ་ས་མྣྟ་ཀཱ་ཡ་བཱཀྩི་ཏྟ་བྫྲ་ཧཱཾ། ཨོཾ་ཨ་ ཙ་ལ་ཚ་ཎྜཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཏྲ་ཀ་ཁ་ཧཾ་མཾ་ན་མཿ་ས་མནྟ་ཀཱ་ཡ་བཱ་ཀྩིཏྟ་བ་ཛྲཱ་ཎཱཾ། ཨོཾ་བཛྲ་ཀ་བ་ཛ་དུཾ་བཾ། ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་བྷ་ཡ་བི་ག་ཏེ་བྷྱ། པི་ [35B] སརྦ་ཐཱ་ཁཾ་ར་ཀྵ། མ་ཧཱ་བ་ལི་སརྦ་ཏ་ཐཱ་ག་ཏེ་པུཡ་ནི་རྫ་ཏེ། ཧཱུཾ་ཧཱུཾ་ཏྲ་ཐཱ། ཨ་པྲ་ཏི་ཧ་ཏེ་སཱ་ཧཱ། ཁྲོ་བོ་སྤྱན་གཅིག་དྲན་ཤུལ་ཅན། །སྲུང་དང་བཅས་པས་མཆོད་ པ་དང། །སྔགས་བཟླས་དངོས་གྲུབ་ལངས་པས་འགྲུབ། །ཅི་འདོད་ལས་ལ་ཆོ་གས་སྦྱར། །ལག་གཡས་གུང་མཛུབ་གཤི་བས་ཏེ་བརྐྱང་།སྲིན་ལག་མཐེ་ཆུང་མཐེ་ བོས་མནན། །ཤུགས་དྲང་སྪུལ་ཕྱུང་ཁམས་ལ་འཕྱར། །རལ་གྲི་ཕྱག་རྒྱས་བདུད་ཚོགས་འཇོམས། །གཡོན་པ་ཁུ་ཚུར་སྡིགས་མཛུབ་བསྒྲེང། །སླར་སྒྱུར་བྱེད་པ་ ཞགས་པའི་རྒྱ། །གུང་མོ་མཐེའུ་ཆུང་སོ་སོར་སྤྲད། །མཛུབ་མོ་མིང་མེད་ནང་དུ་གུག། །མཐེ་བོང་གཤིབས་པ་གུང་འགྲམ་སྦྱར་།སྙིང་གར་བཀོད་དེ་གོ་ཆའི་རྒྱན། །སོར་ འཁྱུད་ཁུ་ཚུར་ནང་དུ་བསྡམ། །མཐེབ་གཉིས་ཅུང་བསྒྱུར་མ་གོ་ཐོད་རྒྱ། །གཡོན་པའི་ཁུ་ཚུར་མཐེ་བོ་ན། །གཡས་པའི་ཁུ་[?]ཚུར་ནང་བཅུག་ནས། །མཐེ་བོང་གཡས་བསྒྲེང་ཐོབ་པའི་རྒྱ།། ཕྱོགས་བཅུར་བརྡུང་བ་ལྟར་བྱའོ། །གཡས་པ་ཁུ་ཚུར་གུང་མོ་བསྒྲེང། །སྤྱི་གཙུག་ཕྱག་རྒྱ་གཙུག་ཏུ་བཞག་གཡོན་པ་ཁུ་ཚུར་གུང་མཛུབ་བསྒྲེང། །བཀའ་རྟགས་ཕྱག་ རྒྱ་རྟག་ཏུ་འཕྱར། །ཁུ་ཚུར་གཉིས་གཤིབས་ལྟོ་སྦྱར་བ། །རྡོ་བ་ལྟ་བུའི་ཕྱག་རྒྱའོ། །གཡས་པའི་ཁུ་ཚུར་སྙིང་གར་བཞག་།སྙིང་ག་རྒྱན་པའི་ཕྱག་རྒྱའོ། །ལག་གཉིས་ [36A]༄༅། །སོར་མོ་སོ་སོར་བརྐྱང། །ཕྱོགས་བཅུ་བཅིང་བའི་ཕྱག་རྒྱའོ། །ལག་སྦྱར་གུང་གཉིས་ནང་བཅུག་པ། །དྲི་ཡི་ཕྱག་རྒྱར་བཤད་པའོ། །ཁུ་ཚུར་ རྒྱབ་སྤྲད་གུང་མཐེ་བོང། །མཐེ་བོང་གུང་མཛུབ་སྤྲད་དང་འཁྱུད། །གཏོར་མ་སྦྱིན་པའི་ཕྱག་རྒྱའོ། །ཐལ་མོ་ཁོང་སྟོང་ཤུབས་ལྟར་གདོན། །བདུག་སྤོས་འབུལ་བའི་ ཕྱག་རྒྱའོ། །ལག་གཉིས་སོ་སོར་གུང་སྲིན་བཀུག་མཐེབ་མནན་བཞག་བརྐྱང་མེ་ཏོག་རྒྱ། །ཐལ་སྦྱར་གུང་སྲིན་མཛུབ་མོ་བཀུག་མཐེའུ་ཆུང་མཐེབ་བརྐྱང་ཞལ་ ཟས་རྒྱ༑ ༑སྐྱིལ་ཀྲུང་འདུག་སྟེ་སྙིམ་པ་ཟེད། །མཐེ་བོང་གཉིས་ནི་ནང་དུ་བཀུག་སོ་གཤིབས་ནས་གཡབ་བྱེད་པ་ནི། །དཔའ་བོ་གཙོ་བོ་སྤྱན་དྲང་རྒྱ། །ཐལ་སྦྱར་མཛུབ་ བཀུག་མཐེ་བོས་མནན། །བྱང་ཆུབ་སེམས་ཚོགས་འགུགས་པའི་རྒྱ་།སྙིམ་བཀྱེད་མཐེ་ཆུང་གཤིབས་ཏེ་བརྐྱང། །ལྷག་མ་བརྒྱད་པོ་སོ་སོར་དགུག་ཉན་ཐོས་རང་ རྒྱལ་རྫུ་འཕྲུལ་ཅན། །མ་ལུས་ཐམས་ཅད་འགུག་པའི་རྒྱ། །ཁུ་ཚུར་གཡས་པ་གཡོན་སྟེང་བཞག་མཛུབ་གཉིས་བརྐྱང་སྟེ་སོ་སོར་དགུག་ཅུང་ཟད་སྐྱེད་པར་ བྱེད་པ་ནི། །ཕོ་ཉ་ཕོ་མོ་འགུགས་པའི་རྒྱ། །ཁུ་ཚུར་རྒྱབ་སྤྲད་གུང་མཛུབ་ནི། །སོ་སོར་དྲང་པོར་གཤིབས་ཏེ་བརྐྱང། །མཐེབ་གཉིས་ཅུང་ཟད་སྤྲད་དེ་འགུགས། །འཇིག་རྟེན་ [36B] །གཡོན་མིན་གཡས་པས་དེ་ལྟར་བྱ་།བརྟུལ་ཞུགས་དྲང་སྲོང་དགུག་པའི་རྒྱ། །གཡོན་པ་ཁུ་ཚུར་གུང་མོ་བསྒྲེང། །དངོས་གྲུབ་སྲིན་མོ་འགུགས་ པའི་རྒྱ༑ ༑ལག་གཡས་པ་བཀན་ཏེ་བརྐྱང་ནས་ཀྱང། །མཐེ་བོས་མཛུབ་མནན་གསུམ་པོ་གཡབ། །མ་བདུན་ལ་སོགས་མ་མོ་རྣམས། །ལས་ཀྱི་དུས་སུ་འགུགས་པར་གྱུར། ། རེས་ཀྱིས་བཏེག་ཅིང་དྲང་པོ་ཡིས། །པུས་མོ་དག་ལ་རྐང་མཐིལ་སྦྱར། །སྤྱི་བོར་མེ་ཏོག་ཐལ་སྦྱར་ཡང། །ཕྱོགས་དེར་གཡོ་བ་ཅིང་འབྲུ་ཚུགས་བལྟ། །ཟླུམ་པའི་སྟབས་ཀྱིས་ འདི་ཀུན་གྱིས། །བགེགས་ཚོགས་འཇོམས་ཤིང་རྣལ་འབྱོར་སྲུང། །ལག་པ་གཡས་ནི་གྱེན་དུ་བརྐྱང། །གཡོན་པ་སྙིང་གར་སྡིགས་མཛུབ་སྟེ་།རྐང་གཉིས་སྤྲད་ནས་རྟིང་ པ་རྡེབ༑ ༑ཧཱུཾ་བརྗོད་དྲག་སྐད་མདུན་དུ་བལྟ། །ས་གསུམ་གཡོ་བྱེད་ཟླ་གམ་སྟབས། །རྐང་གཡོན་བརྐྱང་བའི་སྟབས་དང་ནི། །ཧ་ཧ་བརྗོད་ཅིང་ཞབས་རྒྱ་བཅིངས། །ཕན་ཚུན་ བསྣོལ་ནས་བགེགས་ལ་བསྣུན། །འཁོར་ལོ་ཕྱག་རྒྱ་ཕྱེ་མར་བྱ་།རྐང་གཡས་བརྐྱང་བའི་སྟབས་དང་ནི། །རྡོ་རྗེ་ཐལ་མོ་མཁའ་ལ་བསྣུན། །ཁྲོ་གཉེར་མིག་ཅན་མ་མཆུ་ མནན༑ ༑ཡན་ལག་གཉིས་གཉིས་མེ་ལྟར་སྤྲད། །རྐང་པ་མཉམ་སྟབས་ཧཱུཾ་སྒྲ་ཅན། །ལག་གཉིས་སྡིགས་མཛུབ་ཕྱག་རྒྱའོ། །རྐང་གཉིས་མཉམ་དུ་བཞག་པ་ལས་ [37A]༄༅། །གཡས་ཀྱིས་གཡོན་བསྐོར་ལྟེ་བ་ཡིན། །མདུན་དུ་གཡས་ཏེ་རྒྱབ་ཏུ་གཡོན། །གྱ་ཚོམ་གསུམ་གསུམ་མནན་པ་ནི། །རྩེ་གསུམ་ཡིན་ཏེ་རྩེ་ གསུམ་རྒྱ། །ལག་པ་སྟེང་བརྐྱང་དབྱིག་བསྒྲེང་ལྟར། །བགེགས་ལ་བསྣུན་ཞིང་འབྲུ་ཚུགས་བལྟ། །གཡས་སུ་ཐོ་བ་ཧཱུཾ་བརྗོད་བརྡེག་།གཡོན་པ་སྙིང་གའི་སྡིགས་ མཛུབ་སྟེ། །གཉིས་ཀ་བགྲད་པ་འཁོར་ལོ་བྱ། །ནུབ་བལྟས་རྐང་པ་མཉམ་བཞག་ནས། །མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། །གཡོན་པས་བགེགས་གསུམ་ མནན་བྱ་ཞིང། །རིམ་པས་མེ་དང་རལ་གྲི་དང། །སྡིགས་མཛུབ་ཞགས་པས་ཕྱོགས་བཞིར་བཅིང། །ཧ་ཧཱུཾ་དྲག་བརྗོད་བརྗིད་གནོད་རྒྱ་།རྐང་གཉིས་པུས་འཁྱུད་ལག་ པ་གཉིས། །གྲུ་མོ་བསྒྱུར་ན་ཐིག་གིས་མནན། །བགེགས་བསྐྲད་ཕྱིར་ན་འབྲུ་ཚུགས་བལྟ། །རྩེ་གཅིག་རྡོ་རྗེ་སྟབས་སུ་གཅད། །རྐང་པ་གཡས་གཡོན་རེས་ཀྱིས་ བསྐོར༑ ༑ལྷོ་བྱང་གཡོན་ཏེ་ཤར་ནུབ་གཡས། །བརྐྱང་ཞིང་དྲག་ཏུ་བརྡབ་པར་བྱ། །རྒྱབ་ནས་དྲང་དང་ཐོ་བ་དང། །རྡོ་རྗེ་དང་ནི་ཞགས་པའི་རྒྱ། །ཕྱོགས་བཞིར་བྱ་སྟེ་ འཁོར་ལོའི་སྟབས། །ཕྱག་རྒྱ་དང་ནི་སྟངས་སྟབས་ཀྱིས། །ཕྱོགས་སྐྱོང་རྣམས་ཀྱང་སྐྲག་བྱེད་ན། །འབྱུང་པོའི་ཚོགས་འཇོམས་སྨོས་ཅི་དགོས། །ཐམས་ཅད་དབང་ [37B] །དེ་ནས་ཕྱོགས་བཅུ་བཅིང་བ་ཡིས། །རྐང་སྟབས་ཁྱད་པར་བཤད་པར་བྱ། །ཤར་དུ་རྐང་པ་མཉམ་པ་ཡིས་།རྡོ་རྗེ་ཐལ་མོ་གྱེན་དུ་བརྡེག་ལྷོར་ནི་རྐང་རྟིང་ སྤྲད་དེ་གདང། །ཧཱུཾ་སྒྲོག་ཐལ་མོ་མདུན་རྒྱབ་སྦྱར། །ནུབ་ཏུ་རྐང་སྤྲད་ལག་པ་གཉིས། །སོ་སོར་སྡིགས་མཛུབ་གྱེན་དུ་བརྐྱང་།བྱང་དུ་རལ་གྲིའི་ཕྱག་རྒྱ་དང། །རྐང་པ་ཡ་ གཅིག་ས་ལ་བསྒྲེང། །ཁུ་ཚུར་མཛུབ་སྦྱར་དཔྲལ་བར་ལྡོག་རྐང་གཉིས་མཉམ་བྱས་རེས་ཀྱིས་འཕྱར། །མཆེ་གཙིགས་ཧཱུཾ་སྒྲོག་ཁྲོ་གཉེར་བལྟ། །བྱང་ཤར་ཐིག་ ལེར་གྲགས་པའི་རྒྱ། །ཁུ་ཚུར་མཐེའུ་ཆུང་མཆེ་བའི་རྒྱ་།རྐང་པ་རེས་བཏེག་ཤར་ལྷོར་ཕྱེ། །ལྷོ་ནུབ་རྐང་གཉིས་རེས་ཀྱིས་བརྡབ། །ཞགས་པས་འདེབས་དང་རལ་གྲིས་ གཅོད༑ ༑ནུབ་བྱང་རྐང་གཉིས་བརྡབ་པ་དང། །ལག་གཉིས་མཐེབ་སྤྲད་འཁོར་ལོ་བསྐོར། །ཡང་ན་ཚེ་གཅིག་ཕྱག་རྒྱས་གདབ། །སྟངས་སྟབས་ཐམས་ཅད་ཧ་ཧཱུཾ་སྒྲོག་དེ་ ནས་རིག་སྔགས་ལྡོག་པ་ཡིས། །ཕྱག་རྒྱ་ཆོ་ག་བཤད་པར་བྱ་།ཁུ་ཚུར་གུང་མོ་བརྐྱང་རྩེ་སྤྲད། །མཛུབ་གཉིས་དེ་ཡི་འགྲམ་དུ་བཅད། །སྔགས་དང་ཕྱག་རྒྱ་ཐམས་ཅད་ ཀྱིས༑ ༑ལྷ་ཀླུ་སྲིན་པོ་གནོད་སྦྱིན་དང། །མཁའ་འགྲོ་འབྱུང་པོ་མི་མ་ཡིན། །གསོད་དང་སྤྲོད་དེ་མེ་ལྟར་མཛད། །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་ [38A]༄༅། །རྒྱུད་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གསུམ་པའོ།།།།བླ་ན་མེད་པའི་རས་རིས་སྐུ། །ཆོ་ག་དེ་ནས་བཤད་པར་བྱ། ། བྲིས་སྐུ་འདོད་པས་ཐམས་ཅད་དུ། །དགེ་བའི་རས་བཟང་བཙལ་ནས་ཀྱང། །བཀྲུས་ཏེ་སྔགས་ཀྱི་བསྲུངས་བྱས་ལ། །ངུར་སྨྲིག་དུ་ནི་བསྒྱུར་བར་བྱ། །རྒྱུད་བཟང་དལ་ ཞིང་དུལ་བག་ཡོད། །ཆོས་ཐོས་རི་མོ་མཁས་ལ་སྒྲིན། །སྲེད་ཆུང་ཡིད་གཞུངས་ཁྲོ་མེད་པས། །སེན་རྩི་ཤུན་ཀན་ཚ་ལ་སྦྱར་།སྣངས་དང་མུ་ཟི་ཀན་ལྟར་ལྗང། །བ་ བླ་ཀ་ནི་བླ་ན་སེར། །ལི་ཁྲི་སྒོ་ང་མཚལ་ལྤགས་དམར། །རམ་དང་མཐིང་ཤུན་བྲུ་ནིར་སྔོ། །སྤྱིག་དང་ཨ་ཛ་ནག་པོ་སྟེ་།ཤེ་ཏྭ་དག་ཀྱང་དཀར་པོར་འགྱུར། །ས་སྣོད་ སོ་བཏང་སྐགས་སྙིགས་བྱུག་པིར་འཇམ་རབ་འབྲིང་ཐ་མ་བྲི་།རྒྱལ་དང་ས་རི་ནམ་གྲུ་དང། །སྣོན་སྣྲུབས་སྨིན་དྲུག་ལྷ་མཚམས་ཤིས། །དེ་ནས་ཡང་དག་རབ་ བཤད་པ། །ཐུབ་པའི་དགེ་བ་རས་རིས་ལ། །དབུས་སུ་བྱང་ཆུབ་ཤིང་མཆོག་དྲུང། །གསེར་མདོག་འཁོར་ལོས་བསྒྱུར་བའི་ཆས། །ཆོས་འཆད་ཕྱག་རྒྱ་ངུར་སྨྲིག་ མནབས། །ལོགས་སུ་འདབ་བཟང་རྒྱལ་པོ་གཉིས། །སྙིམ་པ་མེ་ཏོག་བཀང་བའི་གཟུགས། །གཡས་སུ་འཇིག་རྟེན་དབང་པོ་དཀར། །ངུར་སྨྲིག་གྱོན་པས་ཐལ་མོ་ [38B] ༑དེ་ཡི་ཞབས་སུ་མི་གཡོ་བ། །སྤྱན་གསུམ་ཁྲོས་པ་ཀླུ་ཡིས་བརྒྱན། །ན་རའི་སྟོད་གཡོགས་སྟག་སྨད་དཀྲིས། །རིན་ཆེན་རྒྱན་ཅན་དོ་ཀེར་ཅན། །རྡོ་བ་དམར་པོའི་ཁྲི་ སྟེང་ན༑ ༑རལ་གྲི་དང་ནི་ཞགས་པ་དང། །གཡོན་པ་ཅུང་ཟད་བརྐྱང་སྟེ་བཞེངས། །གཙོ་བོའི་གཡོན་གྱི་ཕྱོགས་ཆ་ལ། །རྡོ་རྗེ་འཛིན་སྔོ་ངུར་སྨྲིག་ཅན། །རྡོ་རྗེ་དང་ནི་ཞགས་པ་ འཆང། །དེ་ཡི་འོག་ཏུ་སྒྲུབ་པོ་ནི། །པུས་བཙུགས་སྤོས་ཀྱི་ཁང་བུ་འཛིན། །གཙོ་བོ་ཞབས་སུ་ཁྲོ་བོ་ཆེ། །ནག་པོ་ཁམས་གསུམ་བསྟན་པ་ཡི། །ལག་གཉིས་རིན་ཆེན་ ཁྲི་ལ་བཏེག་གཙོ་བོ་སྣ་ཚོགས་པདྨ་སྟེ། །འཇིག་རྟེན་དབང་དང་ཁྲོ་བོ་ཡི། །རྡོ་རྗེ་འཛིན་དང་སྒྲུབ་པའི་སྔོ། །ཡན་ལག་ལྔ་པ་སྡོང་པོ་གཅིག་ཀླུ་ཡི་བུ་མོ་མཛེས་མ་གཉིས།། པང་གིས་འཁྱུད་དེ་འཛིན་པར་མཛད། །ཞི་བ་རྒྱས་པ་དབང་གི་ཕྱིར། །དེ་ནས་བྲིས་སྐུ་ཡང་དག་བཤད། །དབུས་སུ་ཤཱཀྱ་ཐུབ་པ་དང། །གཡས་སུ་འཕགས་པ་འཇམ་ དཔལ་ཏེ། །གཡོན་དུ་ཕྱག་ན་རྡོ་རྗེའོ། །བསྙེན་པའི་དོན་དུ་རས་རིས་ནི། །ཤིན་ཏུ་བལྟ་དཀའ་གསུས་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཀླུ་ཡིས་བརྒྱན། །ཁ་ནས་ཁྲག་འཛག་ལྕེ་ འདྲིལ་བ། །མཆེ་གཙིགས་ཧྲཱི་སྒྲ་ཆེར་སྒྲོག་པ། །སྤྱན་གསུམ་ཉི་མ་ཤར་ཀའི་འོད། །ངུར་སྨྲིག་མནབས་པ་ཆར་སྤྲིན་མདོག་སྐུ་ལ་ཐོད་རློན་ཕྲེང་བ་ཅན། །དབུ་ལ་ཐོད་པ་ [39A]༄༅། །ཚར་བཞིས་བརྒྱན། །གཡོན་དུ་རིན་ཆེན་ཟུར་ཕུད་འཕྱང་།བསྐལ་པའི་མེ་འོད་འབར་བ་ཡིས། །ཕྱོགས་ཀྱི་བགེགས་ཚོགས་སྲེག་པར་ མཛད༑ ༑གཡས་ཀྱི་དང་པོ་རྡོ་རྗེ་སྟེ། །གཉིས་པས་རལ་གྲི་འོད་འབར་འཆང། །གཡོན་གྱི་དང་པོ་རྡོ་རྗེ་ཞགས། །གཉིས་པ་སྡིགས་མཛུབ་བརྐྱང་སྟེ་མཛད། །རིན་ ཆེན་རྡོ་ཡི་ཁྲི་སྟེང་དུ། །བགེགས་ཀྱི་རྒྱལ་པོ་མནན་ནས་ཀྱང་།གཡོན་བརྐྱང་པ་ཡི་གར་གྱིས་གནས། །དེ་ཡི་མདུན་དུ་ཞི་བའི་བྱད་།སྤོས་ཁང་བཟུང་བའི་ སྒྲུབ་པོ་བྲི། །ཅི་འབྱོར་རྒྱུན་དུ་མཆོད་པར་བྱ། །མངོན་སྤྱོད་སྒྲུབ་པའི་རས་རིས་ནི། །དེ་ནས་ཡང་དག་བཤད་པར་བྱ། །ངུར་ཁྲོད་རས་ལ་མི་གཡོ་བ། །མདོག་ནག་ སྤྱན་གསུམ་ཟུར་མིག་བལྟ། །ངུར་སྨིག་གོས་གྱོན་ཁྲོ་གཉེར་ལྡན་།རལ་གྲི་དང་ནི་ཞགས་པ་འཆང། །བྲིས་ནས་བདག་གི་ཁྲག་གིས་ནི་།སྤྱན་ཕྱེ་གསོལ་བ་ བཏབ་པར་བྱ། །རི་མོ་འདིས་ནི་རིག་འཛིན་ཀྱང། །སྒྲུབ་པོ་མངོན་སྤྱོད་སྨོས་ཅི་དགོས། །ཡང་ན་སྣ་ཚོགས་ལས་ཀྱི་ཕྱིར། །མཐིང་ག་ན་རའི་རྒྱན་ཅན་ནི། །བརྐྱང་བསྐུམ་ རྡོ་རྗེ་དྲིལ་བུ་འཛིན། །པདྨ་ཟླ་བ་ལ་བཞུགས་བྲི། །དམག་དཔུང་རེངས་པའི་རས་རིས་ནི། །གསེར་མདོག་ཁྲོ་བོ་མི་གཡོ་བ། །མི་སྡུག་མཆེ་བ་གཙིགས་པའི་སྐུ། །འབར་ [39B] །ཞལ་བཞི་ཕྱག་ཀྱང་བཞི་པ་སྟེ། །རལ་གྲི་ཞགས་པ་དང་པོར་འཛིན། །རི་བོ་ཆེ་དང་སྡིགས་མཛུབ་འོག་ཞབས་བཞི་བདུད་བཞི་སྙིང་ གར་རོ༑ ༑དེ་ནས་རིག་འཛིན་དངོས་གྲུབ་ཀྱི། །རས་རིས་བྲི་བ་ཡང་དག་བཤད། །མི་གཡོ་ཁྲོ་བོ་ཞལ་གཅིག་པ། །མདངས་བཟང་ཟར་མའི་མེ་ཏོག་མདོག་རལ་གྲི་ཞགས་ པ་སྡིགས་མཛུབ་ཅན། །པུས་མོ་གཡས་བཏེག་གཡོན་པ་ནི། །ས་ལ་ཅུང་ཟད་བཙུགས་པར་མཛད། །མཁའ་ལ་ལྷ་ཡི་བུ་གཉིས་ཀྱིས། །དབུགས་འབྱིན་མཛད་པ་ཉམས་ དགའི་གཟུགས། །གཡས་སུ་རྣམ་སྣང་མཛད་བྲིས་ཏེ། །གཡོན་དུ་འོད་དཔག་མེད་པའོ། །དེ་མདུན་སྒྲུབ་པོ་ཉིད་ཀྱང་བྲི། །གང་ཡང་རིག་མ་ཐམས་ཅད་ལ། །མཆོད་དེ་མེ་ ཏོག་གཏོར་ནས་ཀྱང། །སྤྱན་ཕྱེ་ན་བཟའ་གསོལ་བྱས་ཏེ། །རྟེན་འབྲེལ་སྔགས་ཀྱིས་རབ་གནས་བྱ། །དེ་རྗེས་སྨོན་ལམ་བཏབ་པ་ནི། །ཨོཾ་ལྡན་བདག་གིས་བསགས་པ་ ཡི༑ ༑བསོད་ནམས་གྲངས་མེད་གཞལ་མི་ལང། །དེས་ནི་འགྲོ་བ་མ་ལུས་པ། །བླ་མེད་གོ་འཕང་ཐོབ་པར་ཤོག་སེམས་ཅན་དམྱལ་བ་དུད་འགྲོ་དང། །ཡི་དྭགས་ གང་དག་གྲངས་མེད་རྣམས། །བདག་གི་བསོད་ནམས་མཐུ་ཡིས་ནི། །ཐམས་ཅད་བདེ་དང་ལྡན་གྱུར་ཅིག་གང་ཡང་ལྷ་མི་དབུལ་ཕོངས་དང་།མི་ནད་མུ་གེ་དགྲ་ཆོམ་ [40A]༄༅། །སོགས༑ ༑བདག་གི་བསོད་ནམས་མཐུ་ཡིས་ནི། །དེ་དག་ཐམས་ཅད་བྲལ་གྱུར་ཤོག་ཇི་སྙེད་སེམས་ཅན་ཐམས་ཅད་རྣམས། །དེ་སྙེད་སྡུག་ བསྔལ་རྒྱ་མཚོ་ཀུན། །སྣ་ཚོགས་དེ་དག་ཀུན་ཞི་ནས། །འགའ་ཡང་སྡུག་བསྔལ་མེད་པར་ཤོག་སེམས་ཅན་གང་དག་ལུས་ངག་ཡིད། །མི་དགེ་སྤྱོད་པ་བྲལ་ གྱུར་ནས། །དགེ་བ་ཕུན་ཚོགས་སྤྱོད་གྱུར་ཏེ། །ཀུན་ཀྱང་བདེ་ལྡན་ཐོབ་གྱུར་ཤོག་དེ་ནས་རྒྱལ་སྲས་ཀུན་བཏུད་དེ། །ལག་ན་དྲི་དང་མེ་ཏོག་སོགས། །མཆོད་པའི་ ཡོ་བྱད་ཀུན་ཐོགས་ནས། །བླ་འོག་ཐ་དད་གསལ་བྱའི་ཕྱིར། །བདེ་གཤེགས་བསྡུ་དོན་འདི་སྐད་བརྗོད། །ཨོཾ་བདེ་གཤེགས་པའི་བཅོམ་ལྡན་འདས། །སྐྱོབ་པ་ དངོས་སུ་བཞུགས་པ་རྣམས། །བདག་ལ་སླར་ཡང་བརྩེ་བའི་ཕྱིར་།རྒྱལ་བ་སྲས་བཅས་ལ་མི་མངའ། །བདག་དོན་གྲུབ་པར་འགྲོ་བ་ལ་།བརྩེ་ཕྱིར་སླར་ཡང་ བྱོན་པར་མཛོད། །དེ་ནས་གཏོར་མ་མེ་ཏོག་དྲི། །དཀྱིལ་འཁོར་རྒྱན་དང་རྡུལ་ཚོན་རྣམས། །དངོས་གྲུབ་དམ་ཚིག་གནོད་སྤང་ཕྱིར། །ལག་པས་རེག་པར་མི་བྱ་སྟེ། ། གོས་ཀྱི་ཕུར་མ་ལ་སོགས་པ། །ཅི་བདེ་བས་ནི་ཕྱགས་ནས་ཀྱང་།སྐྱེ་འགག་མེད་པའི་སྔགས་བརྗོད་ནས། །ཆུ་བོ་ལ་ནི་དོར་བར་བྱ་།འབྲས་དང་འོ་མ་ཤ་ཀ་དང། ། [40B] །འབྲས་ཟན་དང་ནི་ལྷན་ཅིག་ཏུ། །དགའ་བསྐྱེད་ཕྱིར་ན་དགེ་འདུན་དང། །བྲམ་ཟེ་ལ་ནི་སྟོན་མོ་བྱ། །དེ་ནས་བྲིས་སྐུ་བརྟན་པར་ནི། །གསང་བའི་གནས་ སུ་མཆོད་པར་བྱ། །ཁྱད་པར་ཚེས་བརྒྱད་དུས་སུ་མཆོད། །བླ་མ་ལ་ནི་ཡོན་དབུལ་ཞིང། །རྟག་ཏུ་སྔགས་འཛིན་ཐམས་ཅད་ཀྱང། །མཉེས་པར་བྱ་ཞིང་ཁྲོས་པ་མིན། །སེམས་ཅན་མ་ མོས་སྤང་བར་བྱ། །དཀོན་མཆོག་གསུམ་ལ་ངེས་བསྐྱེད་དེ། །ཐེ་ཚོམ་ལེ་ལོ་སྤང་བར་བྱ། །རང་གི་ཕུང་པོ་བསྙེན་བཀུར་ཕྱིར། །ཁྲུས་དང་གཙང་སྦྲ་དང་ལྡན་བྱས་ནས། །གོས་བཀྲ་དྲི་མ་ མེད་པ་བགོ་ཟས་ཀྱང་འབྲས་སོགས་དྲི་མེད་ལ། །ཉུང་དུ་བཟའ་ཞིང་བཏུང་བར་བྱ། །མང་བས་གཉིད་དང་ལེ་ལོ་དང། །དྲི་ང་བ་ནི་བསྐྱེད་པར་འགྱུར། །ཐོ་རངས་དང་པོར་ལངས་ནས་ནི། ། སྲོད་ཐལ་བར་དུ་བརྩོན་པར་བྱ། །ནམ་གྱི་གུང་ལ་གཉིད་པའི་ཚེ་།འགྲོ་ལ་ཕན་བྱའི་སེམས་ཀྱིས་ཉལ། །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། བྲིས་སྐུའི་ ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །ལྷ་སྒོམ་པ་ཡི་རིམ་པ་ནི། །རང་གཟུགས་སྟོང་པར་བྱས་ནས་སུ། །ཡི་གེ་ཕྲེང་བའི་འཁོར་ལོ་ལས། །སྒྲ་གྲགས་པ་ནི་རིག་པ་ ཆེ༑ ༑ཟླ་བའི་གཟུགས་བརྙན་ལྟ་བུར་སྣང། །དེར་སོན་པ་ནི་རྡོ་རྗེ་སོགས། །རང་གི་ཕྱག་རྒྱ་ཉིད་ཡིན་ནོ། །དེ་ལས་གྱུར་པའི་སྐུ་མཆོད་ནི། །འཇའ་ཚོན་ཤར་བ་ཇི་ལྟ་བར། །མཚན་དཔེ་མདངས་འོད་ཡང་དག་ [41A]༄༅། །ལྡན༑ ༑བརྗིད་ཅིང་དགྱེས་པའི་མདངས་དང་ལྡན། །སྒེག་ཅིང་རོལ་པའི་ཆ་བྱད་ནི། །བྱིས་པ་གཞོན་ནུའི་ལང་ཚོ་འདྲ་།རིན་ཆེན་རྒྱན་དང་ན་བཟའ་ནི། །གཟུགས་ མཛེས་ལྷ་ཡི་ཅི་ལྟ་བ། །ཁྲོས་པའི་སྲིན་པོ་ལྟ་བུ་སྟེ། །སྐྲ་དང་ཁ་སྤུ་ལ་སོགས་པ། །སྤུ་སོགས་སེར་ཞིང་རྩུབ་ལ་འཁྱིལ་།སྣ་ཚོགས་དུར་ཁྲོད་རྒྱན་རྣམས་ནི། ། རྩུབ་ཅིང་བློ་ལྡན་རབ་ཏུ་ཁྲོས། །ན་བཟའ་རློན་པ་ཁྲག་ཅན་ནི་།སྟེང་གི་ཁམས་སུ་ཡོད་པར་མཛད། །ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་།ངར་སྐད་འབྲུག་སྒྲ་སྦྱུགས་གླུ་ནི། །རི་ རབ་འབུམ་སྙིལ་ཆལ་ཆོམ་ལྟར། །ལུས་རབ་ལྟོས་འགྲོས་བརྒྱན་པ་ནི་།གཟི་ལྡན་འཁྱུད་ཅིང་ཕུ་སྒྲ་འདོན། །འཕྲོ་འདུ་འོད་ཀྱི་དཀྱིལ་འཁོར་ནི། །ཉི་འབུམ་ དུས་མེའི་བསྐལ་པ་འདྲ། །རབ་གདུག་མཚོན་ཆ་དུ་མ་ནི། །ལྷ་མིན་དུས་ཀྱི་འཁྲུག་པའི་ཆ། །ཁྲོ་བོ་ཁྲོ་མོའི་ཚོགས་འབྱུང་བ་།ཐམས་ཅད་ཡི་གེ་ཧཱུཾ་སྒྲ་ཅན། །མ་མོ་ དང་ནི་མཁའ་འགྲོ་རྣམས། །བྷྱོ་ཡིག་དྲག་པོའི་བདག་ཉིད་ཅན་།ཐུབ་པ་ཡི་གེ་མུཾ་ལས་བསྐྱེད། །རྒྱལ་སྲས་རིག་མ་ཉན་ཐོས་དང་།འཇིག་རྟེན་སྐྱོང་རྣམས་སྔགས་ འདིས་བསྐྱེད། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་ས་པ་རི་པཱུ་ར་ཀེ་བྷྱ་སརྦ་ཐཱ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུད་ག་ཏེ་ས་ཧ་པ་རི་ཤུ་དཧེ། མ་ཧཱ་ན་ཡ་པ་རི་ [41B] རང་གི་ལུས་ལ་སེམས་བཅུག་ནས། །སྡིག་པ་ཐམས་ཅད་རབ་ཏུ་ཞི། །ངང་ཚུལ་བཟང་པོར་ཡང་དག་བྱུང། །རིག་པར་གྱུར་པའི་སེམས་ལྡན་ནས། །དྲང་སྲོང་རྫུ་ འཕྲུལ་ཅན་དུ་འགྱུར། །གཞན་ཡང་སྡུག་བསྔལ་ཞི་ནུས་ན། །རང་གི་བདེ་ཐོབ་སྨོས་ཅི་དགོས། །རང་རང་རིགས་ཀྱི་ལྷ་རྣམས་ཀྱི། །གཟུགས་བརྙན་ཕྱག་མཚན་ཁ་དོག་ ནི༑ ༑དཀྱིལ་འཁོར་རམ་ནི་རིས་མ་ལས། །གསུང་བ་ཇི་ལྟར་བསྒོམ་པར་བྱ། །དེ་ནས་མི་གཡོ་ཁྲོ་བོ་ཆེས། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །དག་ཅིང་གསལ་ལ་སྙན་ པ་ཡིས༑ ༑ཚིག་གི་ཡང་ནི་འདི་གསོལ་ཏོ། །རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། །གཏུམ་མོ་མཚན་ཉིད་ལྡན་པ་ཡི། །ང་ཡི་མཚན་ཉིད་ཁྱེད་བཤད་ནས། །དེ་ཚེ་རྡོ་རྗེ་ འཛིན་རྒྱལ་པོས། །གཏུམ་མོའི་ཆ་བྱད་ལྡན་བྱས་ནས། །རང་གཟུགས་སྔགས་དང་བཅས་པ་ཡིས། །གསང་ཆེན་བརྡ་འདི་བཀའ་སྩལ་ཏོ། །དག་པའི་སེམས་ཉིད་ཧཱུཾ་རྡོ་ རྗེ༑ ༑མཐིང་གའི་མདོག་ལས་རྡོ་རྗེ་འཛིན། །མཐིང་ག་བརྐྱང་བསྐུམ་ཁྲོ་སེམས་ཅན། །ན་རའི་རྒྱན་བཅས་འཇིགས་བྱེད་སྐུ། །གྱེན་སྐྲ་ཁ་སྤུ་གྱོན་སེར་དམར། །པདྨ་ཟླ་ བའི་སྟེང་དུ་ནི། །མེ་ཡི་ནང་བཞུགས་རྡོ་དྲིལ་འཆང། །རྣམ་སྣང་འཛིན་དང་གཉིས་དང་པོ། །བཞི་བའི་ལྔ་པ་དེའི་གསུམ་པ། །ལྔ་པའི་ལྔ་པ་བདུན་པའི་བཞི། །མེ་ཡིས་ས་ [42A]༄༅། །བོན་དགུག་པས་མནན། །བདུན་པའི་དང་པོ་གསུམ་པ་ཡིན། །གསུམ་པས་བཏེག་གོ་ཧཱུཾ་ཕཊ་བཅས། །གསང་སྔགས་རྒྱལ་པོ་བླ་མེད་[?] འདིས༑ ༑དགོས་པ་ཐམས་ཅད་འགྲུབ་པ་དང། །ཁྱད་པར་དུ་ནི་འབྱུང་པོ་སེལ། །ཀླུ་འདུལ་བ་ནི་དཀར་པོ་ཆེ། །ནམ་མཁའ་ལྡིང་གི་ཆ་བྱད་ཆེ། །གྲུབ་པའི་[?] གྱི་དོན་དུ་ནི། །སེར་པོ་འོད་དང་ལྡན་པ་ཡི། །དམར་པོ་དང་ནི་ལྗང་ནག་དག་དྲག་པོའི་གདོན་རྣམས་སེལ་བ་དང། །ཚེ་རིང་བ་ལ་ཤིས་པའོ། །ལྡན་པ་སྐྱེད་པའི་སྐུ་ མཆོག་ནི། །འབྱུང་པོར་གྱུར་པའི་དེ་མ་ཐག་ས་སྟེང་ཐམས་ཅད་མུན་ནག་འཁྲིགས། །བདུད་རྣམས་ཐམས་ཅད་རབ་ཏུ་ཚིག་ཡེ་ཤེས་མེ་འོད་ཆེན་པོ་འདི་ བཟོད་པར་སླ་ལ་གཅིག་མ་མཆིས། །བགེགས་ཆེན་ལོག་པར་འདྲེན་པ་རྣམས། །དོག་པའི་སེམས་ཀྱིས་ཐག་རིང་འབྲོས། །གསང་སྔགས་ཡི་གེ་ཧཱུཾ་སྒྲ་ཅན། ། གློག་འཁྲུག་པ་ཡི་འོད་ཟེར་འདྲ། །ཀླད་པར་ཡི་གེ་ཧཱུཾ་གི་གཟུགས་།གྲུ་གསུམ་མེ་ཡི་གཟུགས་བརྙན་ཅན། །འོད་དམར་ཚལ་པ་རབ་འཐོར་བས། །བགེགས་ཚོགས་ སྲེག་ཅིང་འབྲོས་པར་བྱེད། །བོང་བུ་རྔ་མོ་ཁྱི་སྤྲེའུ་གཟུགས། །རོ་ལངས་མ་ལུས་ཐམས་ཅད་ཀུན། །ཧ་ཧཱུཾ་བརྗོད་ཅིང་འབྲོས་པར་བྱེད་།རླུང་གིས་གཡེངས་པའི་རྡུལ་ [42B] །གྱེན་ཐུར་ཧཾ་གི་འཕྲོ་འདུ་དང། །ཁྲོ་བཅུ་ས་བོན་ཡི་གེ་ཧཱུཾ། །མེ་དང་རླུང་གི་ཚུལ་དུ་འབར། །མངོན་སུམ་རྩྭ་ལ་མེ་བཞིན་དུ། །སྙིང་གི་ཧཱུཾ་གིས་བདས་ནས་ ཀྱང། །ཀླད་པའི་ཧཱུཾ་གིས་སྲེག་པར་བྱེད། །འོད་དང་ཕྱག་རྒྱ་ལྷ་ཡི་སྐུ། །བསྐྲད་དང་བཅིང་དང་མྱོས་བྱེད་བསམ། །སེངྒེ་དང་ནི་གླང་ཆེན་འབྲུག་དྲག་པོའི་སྒྲ་སྐད་ཅི་འདྲ་ བར༑ ༑རྩ་བའི་གསང་སྔགས་ཟློས་པ་ནི། །བགེགས་དང་ལོག་འདྲེན་མ་ལུས་པ། །སྲེག་ཅིང་ཕྱེ་མ་རྡུལ་དུ་རློག་སྙིང་ནང་སྙིང་པོ་བསྟན་པ་ནི། །འོད་འབར་འོད་ ཀྱིས་སྡིག་པའི་ཚོགས། །དུ་མ་རྣམས་ཀྱང་ཟད་པར་མཛད། །ལུས་ངག་ཡིད་བརྟན་འཁོར་ལོ་སྔགས། །ཨོཾ་དང་ཨཱ་དང་ཧཱུཾ་སྦྱོར་གྱིས་།དཔལ་འཕེལ་དབང་ཕྱུག་བསྐྱེད་པ་ དང། གོ་ཆ་ཆེན་པོ་བསྐོན་པར་བྱེད། །ན་མ་སྟྲཻ་ཡ་དཧྭི་ཀ་ནཱན། ཏ་ཐཱ་ག་ཏཱ་ནཱཾ་ཧཾ། གོ་ཆ་ཆེན་པོའི་གསང་སྔགས་འདིས། །རྒྱལ་སྲས་རྣམས་ཀྱང་འདར་གྱུར་ན། །བགེགས་རྣམས་སྲེག་པ་སྨོས་ཅི་དགོས། ། ས་མ་ཡ་སྟྭཾ་ཨཾ་ཧཾ་གིས། །ཡེ་ཤེས་ལྷ་དང་འབྲེལ་པར་བྱ་།རྒྱལ་བས་དབང་བསྐུར་སྦྱོར་བས་ནི། །ཡེ་ཤེས་དབུ་རྒྱན་བརྟག་པར་བྱ། །གཙོ་ལ་མི་བསྐྱོད་དབུ་རྒྱན་ཅན། །འཁོར་ཀུན་མི་ གཡོས་རྒྱས་གདབ་བྱ། །བདག་ཉིད་ཡི་གེར་བྱས་ནས་སུ། །མེ་གཟུགས་ཤིན་ཏུ་ཕྲ་བས་ནི། །མཚན་མོ་དུས་སུ་ཉམས་པར་བྱ། །སྡང་བ་ཧཱུཾ་གི་སྒྲ་ལས་སོ། །འཕགས་པ་རྡོ་ [43A]༄༅། །རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས་ལྷ་འབྱུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་ བཤད་བྱ་བ། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཉོན། །དད་པ་དང་ཡང་མི་ལྡན་ཞིང། །བྱང་ཆུབ་སེམས་ཀྱང་མ་བསྐྱེད་དེ། །དབང་བསྐུར་རྗེས་གནང་མ་ཐོབ་ལ། ། སྡོམ་ཚུལ་དམ་ཚིག་བྲལ་བའི་མི། །གསང་སྔགས་རང་ཉིད་ལེན་པ་ནི། །བྱིས་པ་ལྕགས་སྲེག་མིད་པ་འདྲ། །ཐོག་མ་མེད་སྒྲིབ་བཀྲུ་བའི་ཕྱིར། །རྡོ་རྗེ་སློབ་ དཔོན་འདི་སྐད་བརྗོད། །ཨོཾ། སྔགས་མཆོག་ཏིང་འཛིན་རྣམ་དག་ཆུ་།བསྐལ་པ་དུ་མར་བསགས་པ་ཡི། །སྡིག་པའི་ཚོགས་རྣམས་དག་གྱུར་ནས། །རང་ བཞིན་དག་པའི་སེམས་སུ་བྱེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨདྷི་ཥྛཱ་ན་ཀཱ་ཡ་བཱ་ཀ་བི་ཤོ་དྷ་ན་ཨ་བཧི་ཥཱིཉཙ་ཧཱུཾ། ཨོཾ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ ཆེན་སྔགས་ལས་བྱུང་བ་ཡི། །དབུ་རྒྱན་ལྷ་རྫས་ཅོད་པན་འདིས་།དབང་བསྐུར་རིན་ཆེན་མཆོག་ཏུ་གྱུར། །ཨོཾ་བཛྲ་དྷ་ར་ཤྲཱི་བཛྲ་ས་མ་ཡ་སྟྭཾ་ཨ་ཧཾ། རཏྣ་མུ་ ཀུ་ཊ་ཨ་བཧི་ཥཱིཉྩ་ཧཱུཾ། རྡོ་རྗེ་ཆེན་པོ་བླ་ན་མེད། །བཟུང་བས་ཕྱོགས་ལས་རྒྱལ་གྱུར་ཏེ། །རྡོ་རྗེ་ལྟ་བུར་བརྟན་བྱེད་པས་།ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཨོཾ་སརྦ་ [43B] དྲིལ་བུ་དབྱངས་སྙན་བླ་ན་མེད། །སྐུ་ཡི་རྡོ་རྗེ་རབ་ཏུ་སྐྱེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཁམས་གསུམ་སྲིད་པའི་རྒྱལ་པོར་འགྱུར། །ཨོཾ་ས་མ་ ཡ་གྷཎྜ་བཛྲ་ཨ་བཧི་ཥཱིཉཙ་ཧཱུཾ། ཨོཾ། སྙིང་རྗེ་ཤེས་རབ་དབྱེར་མེད་རྒྱ། །གང་གིས་ཐོས་པ་ནང་གིས་སུ། །དེ་ཡི་མིང་མཚན་བདག་པོར་འགྱུར། །རྟག་པའི་ངང་གནས་བླང་ བར་མཛོད། །ཨོཾ་བཛྲ་ནཱ་མ་ཨ་བཧི་ཥེ་ཀ་ཏ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ བདག་བདག་མཛོད་ཅིག་སངས་རྒྱས་ཀུན་གྱི་དྲིལ་བུའི་རྒྱ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །རྟག་ཏུ་ཁྱོད་ཀྱིས་བཟུང་བྱས་ནས། །བྱང་ཆུབ་མཆོག་ཐོབ་ རྒྱལ་བས་གསུངས། །ཨོཾ། ཤེས་རབ་རལ་གྲི་བླ་ན་མེད། །གང་གིས་འཆང་བ་རྒྱལ་འགྱུར་ཏེ། །བདུད་ཀྱི་དཔུང་ནི་གཤེགས་ནས་ཀྱང་།མཁའ་ལ་ཡེ་ཤེས་འོད་ འབར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛཉཱ་ན་ཁཌྒ་ཨ་བཧི་ཥཱིཉྩ་ཧཱུཾ། ཨ། རྡོ་རྗེ་ཞགས་ཐུགས་རྡོ་རྗེ་ཅན། །ཉོན་མོངས་སྲིད་པའི་སྡོང་པོ་རྣམས། །ཐབས་ཀྱི་ཞགས་པས་བཅིངས་ ནས་ཀྱང། །སྲིད་པའི་འཆིང་བ་ལས་གྲོལ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཤེ་ན་ཨ་བཧི་ཥཱིཉྩ་ཧཱུཾ། དབང་དང་རྗེས་གནང་མ་ཐོབ་ཅིང། །དམ་ཚིག་སྡོམ་པ་མི་ལྡན་ལ། །བླ་ [44A]༄༅། །མ་མཉེས་པར་མི་བྱེད་ན། །སྒྲུབ་པ་འབྲས་མེད་ངན་སོང་འགྲོ། །ལོག་ལྟ་ཅན་གང་བླ་མ་འཚེ། །དམྱལ་བའི་གནས་སུ་འགྲོ་བར་ངེས། །འདིར་ ཉམས་པས་ནི་ནད་ཡམས་དང། །དགྲ་བོ་མུ་གེས་རྟག་ཏུ་འཚེ། །དཀྱིལ་འཁོར་ས་གཞི་ཉམས་དགའ་བ། །ཆུ་ཀླུང་མཚོ་འགྲམ་རི་ལྗོངས་དང། །འབྲས་བུ་མེ་ཏོག་སྐྱེད་ མོས་ཚལ། །ཀུན་དགའ་ར་བ་ཁང་བཟང་མཆོག་བཞི་མདོ་རི་སུལ་ཤིང་གཅིག་དྲུང། །ཕྱུགས་ལྷས་ཁང་བརྩེགས་གླང་ཆེན་བྲེས་།གཙུག་ལག་ཁང་དང་དགོན་པ་ དང། །ཆུ་གླིང་མཚེའུ་འགྲམ་ནེའུ་གསིང་དུ། །བསྙེན་དང་དབང་བསྐུར་བྱེད་པ་དང། །དུར་ཁྲོད་སོགས་སུ་ལས་རྣམས་བསྒྲུབ། །ལས་ཀྱི་དཀྱིལ་འཁོར་ཁྲུ་གང་སྟེ། ། དབང་གི་དཀྱིལ་འཁོར་ཆེན་པོ་ལ། །ཐུབ་པའི་དཀྱིལ་འཁོར་ཁྲུ་བཞི་པ། །ཡང་ན་དྲུག་གམ་བརྒྱད་ཀྱང་བྱ། །གཞན་ནི་ཁྲུ་གསུམ་ཚད་དུ་བྱ། །ཡང་ན་ལྔའམ་བདུན་ དུ་བྱ༑ ༑གཟའ་ཡི་དཀྱིལ་འཁོར་ཁྲུ་གཉིས་ཏེ། །ཡང་ན་ཕྱེད་དང་གསུམ་པར་བྱ། །ཀུན་ཏུ་བཞི་ཆ་ཕོ་བྲང་སྟེ། །ཁང་པ་ཚད་ཀྱི་ཕྱེད་ཡིན་ཏེ། །ཁང་པ་གཉིས་པ་ཆ་གསུམ་ པ༑ ༑རྟ་བབས་རྡོ་རྗེ་པདྨའོ། །ལྷ་རྣམས་བཞི་ཆ་དག་ཏུ་འགྱུར་།ཐུབ་པའི་སྒོ་ནི་བཞི་ཡིན་ཏེ། །གཞན་དུ་སྒོ་གཅིག་པ་ཉིད་ཤིས་།འཇམ་པའི་དབྱངས་ནི་བྱང་གི་སྒོ། ། [44B] །གཟའ་དང་འཇིག་རྟེན་སྐྱོང་སོགས་ཤར། །དབང་བསྒྱུར་ལྷ་ཡི་གནས་རྣམས་སུ། །བུམ་པ་ཕྱག་རྒྱར་བཅས་པའམ། །སྐུའམ་རང་རང་ཕྱག་རྒྱ་ གཞག་ཐུབ་པའི་དཀྱིལ་འཁོར་དབུས་སུ་ནི། །པད་དཀར་སྟེང་དུ་ལྷུང་བཟེད་དོ། །གཙོ་བོ་ཡི་ནི་སོར་དྲུག་སྟེ། །ལྷག་མ་རྣམས་ནི་སོར་བཞིའོ། །རིགས་ཀྱི་མཚན་མས་ ཡང་ཡང་བསྐོར། །བྱང་དུ་འཇིག་རྟེན་དབང་སྡུད་ནི། །པད་དཀར་རྡོ་རྗེ་གདེངས་པོར་བཅས། །དབང་ལྡན་སྤྱི་བླུགས་བྱམས་པའིོ། །ཤར་དུ་འཇམ་དཔལ་ཨུཏྤལ་སྔོ། ། མེར་ནི་ཀུན་བཟང་ཡིད་བཞིན་ནོ། །ལྷོར་ནི་རྡོ་རྗེ་རྡོ་རྗེ་འཛིན་།བདེན་བྲལ་མཁའ་སྙིང་པད་དཀར་ཏེ། །ནུབ་ཏུ་པང་སེར་རྡོ་རྗེ་ཆོས། །ནུབ་བྱང་ས་སྙིང་པདྨ་དམར། །གཙུག་ ཏོར་གནོད་མཛེས་སྟེང་འོག་ཆར། །གཙུག་ཏོར་དང་ནི་གཏུན་ཤིང་ངོ་།ཤར་དུ་རྣམ་རྒྱལ་ཐོད་པ་སྟེ། །མེར་ནི་འདོད་རྒྱལ་རྩེ་གསུམ་མོ་།རྡོ་རྗེ་རྩེ་གཅིག་གཤིན་གཤེད་ལྷོར། ། བདེན་བྲལ་རལ་གྲི་སྟོབས་པོ་ཆེ། །ནུབ་ཏུ་རྟ་མགྲིན་པདྨ་སྟེ་།བྱང་དུ་བགེགས་དགྲ་རྡོ་རྗེ་རྒྱ། །ནུབ་ཏུ་དབྱུག་པ་སྔོན་པོ་སྟེ་།དབང་ལྡན་དུ་ནི་མི་གཡོ་བ། །དེ་ཡི་རྒྱབ་ཏུ་ཉན་ ཐོས་ནི། །ཤཱ་རིའི་བུ་དང་རབ་འབྱོར་དང། །མཽ་དགལ་བུ་དང་འོད་སྲུང་དང། །རྒྱལ་མཆོག་དང་ནི་ས་སྟེང་སྐྱོང། །རྟ་ཐུལ་དང་ནི་བ་ལང་བདག་དྲག་ཤུལ་དབང་ཆེན་ཆང་བུ་ [45A]༄༅། །ཅན༑ ༑བྷ་ར་དཧྭ་ཛ་སྟེང་རྒྱས་དང། །དགའ་བོ་ཉེར་དགའ་སྒྲ་གཅན་ནོ། །དེ་ལྟར་བཅུ་དྲུག་ཕྱག་རྒྱའོ། །པདྨའི་སྟེང་དུ་ལྷུང་བཟེད་དོ། །དེ་ནས་ཡང་ དག་བཤད་བྱ་བ། །འཇམ་དཔལ་དཀྱིལ་འཁོར་བཟང་པོ་ཡི། །དབུས་སུ་རལ་གྲི་མེ་འོད་ཅན། །རིན་ཆེན་རྡོ་བྲག་སྟེང་དུ་བྲི། །བྱང་དུ་རྡོ་རྗེས་མཚན་པ་ཡི། །བུམ་པ་བྲི་ པ་བྱམས་པའོ། །ཤར་དུ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེ་དཀར་པོ་བྲི་བར་བྱ། །ལྷོར་ནི་མེ་འོད་ལྡན་པ་ཡི། །ལག་ན་རྡོ་རྗེའི་རྡོ་རྗེ་བྲི། །ནུབ་ཏུ་འཇིག་རྟེན་དབང་པོ་སྟེ། །པད་ དཀར་འོད་དང་ལྡན་པ་བྲི། །ཡིད་བཞིན་ནོར་འཛིན་མཛེས་གཟུགས་ཅན་།རིན་ཆེན་རྡོ་སྟེང་དབང་ལྡན་བྲི། །མེར་ནི་རབ་འབར་རྡོ་རྗེ་ཡི་།བགྲང་ཕྲེང་པདྨ་ལ་གནས་ བྲི༑ ༑བདེན་བྲལ་དུ་ནི་རབ་བརྗིད་པའི། །གོ་ཆ་འབར་བ་བྲི་བར་བྱ། །རླུང་དུ་མཛེས་པ་གཞོན་ནུའི་ལྷ། །རིན་ཆེན་སྒྲོན་ནི་བྲི་བར་བྱ། །སྟེང་དུ་རྟུལ་ཕོད་ཅེས་ཁྲོ་བོའོ། ། པདྨའི་སྟེང་དུ་ཁྲོ་བོ་ཡི། །འོག་ཏུ་ཁྲོ་རྒྱལ་མངག་གཞུག་གི་།རྡོ་རྗེ་བྲག་སྟེང་ཞགས་པ་བྲི། །ཁྲོ་བོ་ལྷག་མ་སྔོན་གྱི་ནི་།ཚུལ་གྱིས་རྒྱལ་བར་དགོད་པར་བྱ། །བརྟན་པ་ ཞེས་པའི་ཕོ་ཉ་མོའི། །ཆུ་གྲི་བྱང་དུ་བྲི་བར་བྱ། །ཟླ་བའི་དཀྱིལ་འཁོར་འཆང་བ་ཡི། །མཁར་སོར་མ་ནི་ཤར་དུའོ། །ཉི་མའི་དཀྱིལ་འཁོར་འཆང་བ་ཡི། །རྣམ་ [45B] །ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ། །མཛོད་སྤུ་མ་ཞེས་རིན་ཕྲེང་འཛིན། །རིན་ཆེན་རྡོ་སྟེང་ཤར་ལྷོ་བྲི་།ཤར་ལྷོར་བགེགས་འཛིན་མ་ཞེས་པ། །འཁོར་ ལོ་མེ་འབར་རྡོ་རྗེ་བྲི། །འབར་བའི་གཏུན་ཤིང་བདེན་བྲལ་དུ་།འཇོམས་པའི་ཐོ་བ་རླུང་དུ་བྲི། །ཐལ་སྦྱར་གུང་མོ་ནང་དུ་བཅུག་།པདྨ་མཛོད་ཀྱི་ཕྱག་རྒྱ་དང། །སྔགས་ འདིས་དཀྱིལ་འཁོར་བྱིན་གྱིས་བརླབ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་མུ་ཁེ་བྷྱ། ཧཱུཾ་ཧཱུཾ་བ་བ་མཾ་མཾ་སཱ་ཧཱ། སྤྱན་དྲངས་གཤེགས་སུ་གསོལ་བ་དང། །སྲུང་བ་མཆོག་ གི་སྔགས་ཡིན་ནོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་བི་ཤྭ་མུ་ཁེ་བྷྱ། ཧེ་ཧེ་ཧེ་ཨཱཛྙཱ་པ་ར་མ་ག་ག་ན་ཨཱ་གཙྪ་གཙྪ་བྷ་ག་ཝཱ་ན་ཤཱི་གྷཾ་སཱ་ཧཱ། བསྙེན་པ་འབུམ་ལ་བྱིན་རླབས་ དང། །ལྷ་སྒྲུབ་པ་དང་མཆོད་པའོ། །དེ་ནས་ཡང་དག་པར་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་ནི། །དབུས་སུ་འཇིག་རྟེན་དབང་སྡུད་ཉིད། །པདྨ་དམར་པོ་འཆང་པ་འོ། ། ཤར་དུ་དོན་ཡོད་ཞགས་པ་ནི། །བགྲང་ཕྲེང་སྔོན་པོ་འཆང་བའོ་།ལྷོར་ནི་ནམ་མཁའ་དྲི་མེད་དེ། །རྡོ་རྗེ་སྔོན་པོ་འཆང་བའོ་།ནུབ་ཏུ་གར་གྱི་དབང་པདྨ། །བྱང་དུ་ཐུགས་ རྗེ་ཤུགས་པོ་ཆེ། །རྡོ་རྗེ་ནག་པོ་འཛིན་པ་བྲི། །སྒྲོལ་མ་ཁྲོ་གཉེར་རལ་གཅིག་དང། །ཡིད་བཟང་མ་ནི་མཚམས་སུ་བྲི། །ཁྲོ་བོ་དང་ནི་ཕོ་ཉ་མོ། །འཇམ་པའི་དབྱངས་ཀྱིས་ [46A]༄༅། །རིམ་པས་དགོད། །དེ་ནས་ཕྱག་ན་རྡོ་རྗེ་ཡི། །དཀྱིལ་འཁོར་ཡང་དག་བཤད་པར་བྱ། །དབུས་སུ་ཕྱག་ན་རྡོ་རྗེ་ཉིད། །རྡོ་རྗེ་དཀར་པོ་འཆང་བ་འོ། །ཤར་དུ་སངས་ རྒྱས་སྤྱན་མ་ཡིན། །ལྷོར་ནི་པད་འཛིན་མཱ་མ་ཀཱི། །ནུབ་ཏུ་གོས་འཆང་ན་བཟའ་དཀར། །བྱང་དུ་སྒྲོལ་མ་ཨུཏྤལ་འཆང། །ཕྱོགས་བཞིར་ནམ་མཁའ་དྲི་མེད་དང། །ཤུགས་པོ་ཆེ་ དང་རྡོ་རྗེ་ཏོག་སྙེམས་ཚུལ་ཆེན་པོ་ཞེས་པ་རྣམས། །རིགས་ཀྱི་མཚན་མ་འཛིན་པ་འོ། །དེར་ཡང་སྔོན་ལྟར་ཁྲོ་བོ་རྣམས། །རིམ་པ་བཞིན་དུ་བྲི་བར་བྱ། །དེ་ཡི་ཆ་རྒྱབ་དཀྱིལ་ འཁོར་ལ། །དྲག་པོ་ལྷ་རྣམས་བཀོད་པ་ནི། །དཔུང་བཟང་ལ་སོགས་རྡོ་རྗེ་ཅན། །བརྒྱད་པོ་བྱང་གི་ཕྱོགས་སུ་བྲི། །ཚོགས་འཆང་བཤེས་གཉེན་འགྲོ་སྐྱོང་དང། །མཐོང་ དཀའ་རིག་བྱེད་བདེན་བྲལ་མེད། །ངན་སྤོང་བརྒྱད་དེ་དྲང་སྲོང་ཤར། །ལྷོར་ནི་རྡོ་རྗེ་དགྲ་སྟ་མ། །རྡོ་རྗེ་ཐོ་བ་དྲག་ཤུལ་མ་།རྟ་རྣ་མ་དང་ཁྲོ་གཉེར་མ། །རོ་ལངས་མ་དང་ ལྕགས་སྒྲོག་མ། །མཐོང་དཀའ་མ་སྟེ་བརྒྱད་པོ་བྲི། །དུག་སེལ་རྨ་བྱ་འོད་ཟེར་ཅན། །ནོར་རྒྱུན་རལ་གཅིག་དཔུང་རྒྱན་མ། །དབྱངས་ལྡན་དྲིལ་སྒྲོལ་བརྒྱད་ནུབ་ཕྱོགས། ། ཀུན་ཀྱང་རང་རིག་ཕྱག་རྒྱ་ཅན། །སྒོ་ཡི་ཕྱོགས་སུ་དགོད་བྱ་བ་།ཐུབ་པའི་འཇིག་རྟེན་སྐྱོང་བ་བཞི། །བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་ཆེ། །ཆངས་པ་འཇམ་དཔལ་ [46B] །རྒྱལ་དང་རྣམ་རྒྱལ་མི་ཐུབ་མ། །གཞན་མི་ཐུབ་མ་སྤྱན་རས་གཟིགས། །ནག་མོ་ཆེ་དང་ཨུཙྪུཥྨ། །གཞོན་ནུ་འཕྲོག་མོ་གཏེར་འཛིན་གྱི། །ཁྲོ་བོ་མི་གཡོ་ སྒོ་བཞི་ལ། །ནག་པོ་ཆེ་དང་དགའ་བྱེད་དང། །ངན་སྤོང་དང་ནི་ཚོགས་བདག་གོ་མི་གཡོ་དབང་བསྐུར་དགྱེས་པ་ཡི། །དབུས་སུ་ཁྲོ་བོ་མི་གཡོ་བའི། །རལ་གྲི་མེ་འོད་ འབར་བ་འོ། །ཕྱོགས་བཞིར་ཁྲོ་བོ་མདོག་བཞི་འོ། །འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན། །རྡོ་རྗེ་རིན་ཆེན་པདྨ་དང། །རྒྱ་གྲམ་གཡས་པའི་ཕྱག་ཏུ་འཆང། །གཡོན་ པ་སྡིགས་མཛུབ་ཞགས་པ་འཆང། །རིན་ཆེན་བྲག་ལ་སྐུ་བཞུགས་ནས་།ཞབས་གཉིས་པདྨའི་སྟེང་དུ་འོ། །མཚམས་སུ་ཁྲོ་མོ་བཞི་པོ་ཡང། །གཙོ་བོ་དང་ མཚུངས་སྒེག་པའི་ཉམས། །དེ་རྒྱབ་སྔོན་ལྟར་ཁྲོ་བོ་བཅུ། །སྐུ་འམ་ཕྱག་རྒྱའི་ཕྲེང་བ་བྲི། །དཀྱིལ་འཁོར་ཆ་ཡི་རྒྱབ་ཏུ་ནི་།འཇིག་རྟེན་སྐྱོང་བཅུ་དྲུག་ཤུལ་ཅན། ། ཁྲོས་པས་རང་རིག་འཁོར་བཅས་བྲི། །བུམ་པ་ཚད་ལྡན་རས་ཀྱིས་དཀྲི། །དྲི་བཟང་ཆུས་བཀང་ལྷ་གྲངས་སམ། །བཅུ་གཉིས་སམ་ནི་དྲུག་ཀྱང་རུང། །ཁ་རྒྱན་དང་ བཅས་གཞག་པར་བྱ། །བླ་རེ་བ་དན་གདུགས་རྒྱལ་མཚན། །ཡོན་ཆབ་བདུག་སྤོས་མེ་ཏོག་དང། །སྒྲོན་མེ་བྱུག་ཆབ་ཞལ་ཟས་དང། །གླིང་བུ་ལས་སྙན་ན་བཟའི་ [47A]༄༅། །ཚོགས༑ ༑གཏོར་མ་དྲི་བཟང་སྨན་དང་བཅས། །ཡིད་འོང་དྲི་ཞིམ་ཟས་སྐོམ་ཚོགས། །དཀྱིལ་འཁོར་སྤྲས་ནས་མཆོད་པར་བྱ། །ས་ལ་ པུས་མོ་ཚད་བརྐོས་ནས། །འབྲུ་སྲིན་ཤིང་རྡོ་དུམ་བུ་སོགས། །སྐྱོན་མང་བྲལ་ནས་ས་ཡིས་དགང། །བ་ཡི་རྣམ་ལྔས་བྱུགས་པའི་སར། །མེ་ཏོག་བཅལ་བཀྲམ་ མཆོད་སོགས་བཀོད། །ལྷ་ནི་སྤྱན་དྲངས་མཆོད་ནས་ཀྱང། །དགེ་དང་མི་དགེའི་རྨི་ལམ་བརྟག་རྨི་ལམ་བཟང་ན་སྤྲོ་གྱུར་ནས། །ས་བདག་མོ་ལ་གསོལ་པ་ གདབ༑ ༑ཁྱད་པར་དུ་ཡང་གཏོར་མས་མཆོད། །བུ་ཚུར་ཤོག་ཅེས་ཐེག་ཆེན་གྱི། །ཚུལ་ཆེན་ཁྱོད་ནི་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས། ། ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་སངས་རྒྱས་འབྱུང་བ་རྣམས། །མི་གཡོ་མགོན་པོར་རབ་བསྒོམས་པས། །ཡེ་ཤེས་མཚུངས་པ་མེད་པ་བརྙེས། ། སྐྱོབ་པ་ཤཱཀྱ་སེངྒེས་ཀྱང། །གསང་སྔགས་སྦྱོར་བ་མཉམ་མེད་འདིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་རྣམས་ཀྱང་དཔའ་བོས་བཅོམ། །འཇིག་རྟེན་ འདུལ་ཕྱིར་ཆོས་རྣམས་ཀྱི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་འདྲ་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཁྱོད་བློ་གྲོས་འདི་གྱིས་ཤིག་ཨུ་དུམ་བ་རའི་མེ་ཏོག་ [47B] ༑བརྒྱ་ལམ་ན་ནི་རེས་འགའ་ཞིག་འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། །སྐྱོབ་པ་འཇིག་རྟེན་མགོན་པོ་ཆེ། །རྙེད་དཀའ་རྙེད་པར་གྱུར་ན་ཡང། །གསང་སྔགས་སྐྱོབ་ པའི་ཚུལ་འབྱུང་བ། །ཤིན་ཏུ་དཀའ་སྟེ་རྨད་བྱུང་ཕྱིར། །སྡུག་བསྔལ་ཤིན་ཏུ་མི་བཟད་པ། །འཁོར་བའི་རྒྱ་མཚོ་ཆེར་འཇིགས་ལས་།མྱུར་དུ་སྒྲོལ་བ་གསང་སྔགས་ ལས༑ ༑ས་སྟེང་གསང་སྔགས་ནོར་བུ་འདྲ། །རྒ་ནད་འཆི་འཇིགས་སྤོང་བ་དང། །ཉེས་མཛད་གྲོགས་གཅུགས་མཐུན་འདོད་དང། །མུ་གེ་དགྲ་ཆོམ་བྲལ་བདེ་དང། ། ཟས་སྐོམ་གོས་རྒྱན་ལོངས་སྤྱོད་རྟག་བདེ་སྐྱིད་དཔལ་འབྱོར་ཐོབ་པ་དང། །མྱུར་དུ་སངས་རྒྱས་འདོད་པ་ཡི། །གསང་སྔགས་ཐབས་ལ་མྱུར་བརྩོན་སྒྲུབས། །ཇི་ ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི་།བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བྱ་།སྡོམ་པ་ཡི་ནི་ཚུལ་ ཁྲིམས་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེང་ནས་མཆོག་ཏུ་བརྟན་པར་གཟུང། །འགྲོ་ལ་ལྷག་པའི་སེམས་བསྐྱེད་ ནས༑ ༑བླ་མ་ལ་ནི་ཡོན་ཕུལ་ཞུ། །ཡིད་བཞིན་ནོར་འདྲ་བླ་མེད་སྐུ་།ཞི་བ་སངས་རྒྱས་གོ་འཕང་ཐོབ། །སྲོག་གཅོད་རྐུན་རྫུན་མི་ཚངས་སྤྱོད། །མྱོས་བྱེད་འཐུང་དང་གླུ་ [48A]༄༅། །གར་རོལ། །རྒྱན་བྱུག་མལ་ཆེན་མཐོ་བ་དང། །ཕྱི་དོ་ཁ་ཟས་སྤང་བ་སྟེ། །བརྒྱད་དང་བཅུ་གཅིག་བཅོ་ལྔ་དང། །ཁྱད་པར་དུ་ནི་གནམ་ སྟོང་ལ༑ ༑དལ་འབྱོར་ཐོབ་པ་ཤིན་ཏུ་དཀོན། །སངས་རྒྱས་བསྟན་པ་ཤིན་ཏུ་དཀོན། །སྡོམ་པ་བླངས་ནས་སྲོག་བཞིན་དུ། །གཡེང་མེད་བསྡམས་ཏེ་བསྲུང་ བར་བྱ༑ ༑གསུམ་ལ་རྟག་ཏུ་སྐྱབས་འགྲོ་བྱ། །ལྷ་མི་བདེ་ལྡན་ལུས་ཐོབ་ནས། །དམྱལ་བ་དུད་འགྲོ་ཡི་དྭགས་གནས། །ཐོབ་གནས་སྤང་དཀའ་དེ་དག་ནི། ། ནམ་ཡང་ཐོབ་པར་མི་བྱའོ། །བདག་ནི་དཔའ་བོ་རལ་གྲི་འཆང་།གསང་བའི་འཁོར་ལོ་སྦྱོར་བྱེད་པས། །བཀའ་ལས་འདས་པའི་གདུག་ཅན་རྣམས། །དུམ་ བུ་ཕྱེ་མར་འགས་པར་འགྱུར། །སློབ་མ་གཟུང་ཕྱིར་ཐོག་མར་ནི་།བསྙེན་པས་སྔགས་ཀྱི་མཐུ་བསྐྱེད་བྱ། །ལོངས་སྤྱོད་འཕེལ་ཕྱིར་གཏོར་མ་གཏང། །བསོད་ ནམས་འདོད་ཕྱིར་མཆོད་པ་བརྩོན། །བླ་མ་ཐོས་བསམ་སྒོམ་ལ་གནས་།གཏོང་ཕོད་དུལ་ཞིང་ཆོས་སྤྱོད་མཁས། །ནད་མེད་བཟོད་དེས་སྙིང་རྗེ་ཆེ། །སྔགས་སྒྲུབ་ བརྩོན་དཔལ་ཤེས་རབ་ཅན། །བརྟགས་ནས་སློབ་མ་ལྔ་འམ་བདུན། །དད་བརྩོན་ཞི་དུལ་བླ་མ་བཀུར། །སྡིགས་འཇིགས་ནད་མེད་དབང་པོ་ཚང་།དབྱིབས་སྡུག་ [48B] །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། སྐྱེ་བོ་གཟུང་བའི་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ ཡང་དག་བཤད་བྱ་བ། །རིག་པ་འཛིན་པའི་དངོས་གྲུབ་ཆེ། །གཞན་དུ་མེད་པ་ཕུལ་བྱུང་བ། །རྒྱུད་འདིར་བཤད་པ་ཉན་པར་བྱོས། །མི་ནི་རིན་ཆེན་དང་པོ་སྟེ། །གང་གང་ སྒྲུབ་པ་དེ་དང་དེ། །འགྲུབ་པར་འགྱུར་གྱི་གཞན་དུ་མིན། །རལ་གྲི་ལྕགས་སམ་ཤིང་ལ་བྱས། །སོར་བཞི་པ་འམ་སོར་བརྒྱད་བྱ། །ཡུ་བར་རིགས་ཀྱི་རྒྱ་ལྔ་བྲི། །བ་ཡི་ རྣམ་ལྔ་དྲི་ཞིམ་ཆུས། །བཀྲུས་ཏེ་དྲི་དང་མེ་ཏོག་མཆོད། །ཟླ་དྲུག་སྔགས་བཟླས་ཁྲོ་བོ་བསྒོམ། །རལ་གྲི་དུད་ཐུལ་འོད་དུ་འབར་།བླངས་པས་མཁའ་སྤྱོད་ཡུལ་ འགྲོ་འགྱུར། །ཚེ་ནི་བར་གྱི་བསྐལ་པ་སྟེ། །ལྷ་ཡི་བཞོན་པ་སྣ་ཚོགས་བཅིབས། །སངས་རྒྱས་ཞིང་རྣམས་འགྲོ་བར་འགྱུར། །གསེར་དངུལ་ཟངས་ཀྱི་ཞགས་པ་འམ། ། ཤིང་གི་ཞགས་པའང་དེ་ལྟར་འགྲུབ། །རྒྱལ་མཚན་ནོར་བུ་གིའུ་ཝང་གདུགས། །ལྕགས་ཀྱུ་རྣམས་ཀྱང་དེ་བཞིན་སྒྲུབ། །ལྷ་རྣམས་སྒྲུབ་ན་ཐང་ཤིང་ལ། །གང་འདོད་ལྷ་ ཡི་གཟུགས་བྱས་ཏེ། །སྔགས་བཟླས་ཙམ་གྱིས་མདུན་དུ་འོང། །ཅི་འདོད་གསོལ་འདེབས་འདོད་པ་སྨྲ། །ཀླུ་ལ་ནཱ་ག་གེ་སར་ཤིང། །གནོད་སྦྱིན་ལ་ནི་གསེར་ལས་ [49A]༄༅། །གཟུགས། །དྲི་ཟ་ལ་ནི་འོ་མའི་ཤིང། །མཁའ་ལྡིང་འཇིམ་པའི་གཟུགས་ཀྱིས་སོ། །སྲིན་པོ་ལ་ནི་དུར་ཁྲོད་ཤིང། །གང་ཡང་གཟུགས་ བྱས་རྐང་པ་ནི། །གཡོན་པས་དེ་ཡི་སྐེ་མནན་ཏེ། །སུམ་འབུམ་བཟླས་ན་མདུན་དུ་འོང། །ཅི་འདོད་སྨྲ་ཚེ་དགོས་པ་བསླང། །ཤར་དུ་རས་རིས་ཁ་སྤྲད་དྲུང། །དུས་ གསུམ་ཁྲུས་བྱས་གོས་རློན་གྱོན། །སུམ་འབུམ་བཟླས་ན་མར་ངོ། ཡི་།བརྒྱད་ལ་འབྱུང་པོ་གཏོར་མ་སྦྱིན། །མཎྜལ་སྟེང་དུ་རོ་བཞག་ནས། །རང་ཉིད་རིན་ཆེན་ཁྲི་ སྟེང་དུ༑ ༑སྙིང་པོ་ཁྲི་བརྗོད་རོ་འགུལ་འགྱུར། །མི་སྐྲག་ཁ་ཡི་ནང་དུ་ལྕེ། །པདྨ་ཁ་ཕྱེ་ལྟེ་ཅན་མཐོང། །བཅད་ན་རལ་གྲི་རིག་འཛིན་འགྱུར། །ལྷ་ཡི་གཟུགས་ཀྱིས་ ཚངས་པ་ཡི། །འཇིག་རྟེན་ཁམས་ཀྱི་གནས་རྣམས་རྒྱུ། །གིའུ་ཝང་བདུན་བཟླས་ཐིག་ལེས་ནི། །སྐྱེ་བོ་ཀུན་གྱིས་མི་མཐོང་ངོ། །མི་གཡོ་པུས་མོ་བཙུགས་པ་འམ། ། འཇམ་དཔལ་རིས་མའི་དྲུང་དུ་ནི། །འཇམ་དཔལ་སྔགས་འདི་ས་ཡ་བཟླ་།ཉ་ལ་ཁྱད་པར་མཆོད་པ་བྱ། །མཚན་རངས་བཟླས་པའི་ཐོ་རངས་ནས། །དང་པོ་རྟགས་ ས་གཡོ་བར་འགྱུར། །གཉིས་པ་ཉི་མ་འགྱུར་ལྡོག་བྱེད། །ཕྱོགས་བཞིར་མཁའ་ལ་སྒྲ་ཆེན་པོ། །ཧ་ཧ་འབྲུག་སྐད་གྲག་པར་འགྱུར་།གསུམ་པར་མཁའ་ལ་རིག་ [49B] །མེ་ཏོག་ཆར་འབེབས་ཆུན་འཕྱར་བསྒྲེང། །དེ་རྗེས་རིག་འཛིན་མ་ལུས་དང། །འཇིག་རྟེན་སྐྱོང་བས་རབ་བསྐོར་ནས་།ཁྲོ་རྒྱལ་བྱོན་ནས་གསུང་སྙན་གྱིས།། ཅི་འདོད་བུ་ཁྱོད་གསུང་བར་འགྱུར། །རིག་འཛིན་རྒྱལ་པོ་མི་སྣང་སོགས། །ཅི་འདོད་པར་ནི་སྨྲ་བར་བྱ། །འགྲུབ་ནས་བརྒྱད་གཉིས་ཆ་བྱད་ཅན། །རྒྱན་བཟང་ལག་ན་ རལ་གྲི་ཐོགས། །ལྷ་ཡི་བཞོན་པ་ལ་བཅིབས་ནས། །རིག་འཛིན་ཚོགས་མང་ལྷན་ཅིག་ཏུ། །སངས་རྒྱས་ཞིང་མང་ཕྱིན་པའི་ཚེ། །རྒྱལ་སྲས་རྣམས་ཀྱིས་ཕྱག་བྱས་ ནས༑ ༑མཆོད་པ་ཆེན་པོ་ཐོབ་འགྱུར་ཏེ། །བསྐལ་པ་དུ་མར་ཚེ་གནས་འགྱུར། །ཨུཏྤལ་སྔོན་པི་ལིག་བུ་མིག་རུ་རྟ་ཟངས་སྣོད་རིལ་བུ་གཞག་ཟླ་བ་གཟས་ཟིན་པར་བཟླས་ ནས༑ ༑མིག་བསྐུས་འདོད་པའི་ཁམས་གསལ་འགྱུར། །བདག་ནི་སུས་ཀྱང་མི་མཐོང་ངོ། །གནམ་ལྕགས་རྡོ་རྗེ་སོར་བཅུ་དྲུག་ངོས་གཉིས་རྩེ་གསུམ་དབྱིབས་ཅན་ཏེ། ། ཙནྡན་དམར་དང་དྲི་བཟང་བྱུག་ཆོ་འཕྲུལ་ཚེས་གཉིས་ཉ་ཡི་བར། །མཆོད་ཅིང་བཟླས་ན་ཐ་མར་ནི། །མར་མེ་བརྒྱ་སོགས་ཀྱིས་མཆོད་དེ། །ཀུ་ཤ་ཁྲེས་ཀྱི་སྟེང་འདུག་ ནས༑ ༑རྡོ་རྗེ་ལག་གཉིས་བཟུང་མ་ཐག་དུལ་འཐུལ་འོད་དུ་འབར་ནས་ཀྱང། །འཁོར་བཅས་རིག་པ་འཛིན་པ་ཡི། །འཁོར་ལོས་བསྒྱུར་བ་ཐོབ་པར་འགྱུར། །འཁོར་ [50A]༄༅། །ལོ་བདུན་བརྩེགས་མཚོན་ཆ་དང། །གསེར་དང་མལ་ལྷམ་ཚངས་སྐུད་སོགས། །དགོས་པ་ཐམས་ཅད་དེ་ལྟར་སྒྲུབ། །སྔོན་གྱི་ཚུལ་དུ་དངོས་ གྲུབ་འབྱུང། །ཚེས་གཅིག་ཉིན་པར་སྐུ་གཟུགས་ཀྱི། །མཐེ་བོར་ཛཱ་ཏི་སྔགས་བརྗོད་བརྡེག་སྟོང་ཕྲག་བརྒྱད་ཀྱིས་མཐེ་བོང་ལས། །འོད་ཟེར་ཕྱུང་ནས་རེག་མ་ཐག་ དབུ་སྐྲ་ལྕང་ལོ་འཁྱིལ་གྱུར་ནས། །འཁོར་བཅས་རིག་འཛིན་རྒྱལ་པོ་ཐོབ། །སུས་ཀྱང་མི་ཐུབ་ལུས་གྲུབ་འགྱུར། །ཚེ་ནི་བསྐལ་པའི་བར་དུ་གནས། །ས་ལ་པདྨ་ འདབ་བརྒྱད་བྲི། །བུམ་པ་སྐུད་པ་ནག་པོས་དཀྲི། །ཙནྡན་གྱིས་བྱུག་དྲིས་ཀྱང་དགང། །པདྨའི་སྟེང་བཞག་པད་སྟེང་འདུག་སྟོང་ཕྲག་བརྒྱད་བཟླས་ས་གཞི་གས། ། པདྨར་སྣང་ཞིང་ས་གཞིར་སྣང། །ཆུ་དེས་གཏོར་ལ་ཁྲུ་གང་བསྐོར། །བླངས་པས་བསྐལ་བའི་ཚེ་ཚད་ཐོབ། །གྲོག་མཁར་ས་ལ་སེངྒེ་བྱ། །གིའུ་ཝང་གིས་བྱུགས་ དཀྱིལ་འཁོར་གཞག་གཡོན་འགུལ་བར་དུ་མ་ཆོད་ཅིང་བཟླ། །སེངྒེར་གྱུར་ནས་རྒྱབ་ཞོན་ནས། །འདོད་གཟུགས་ལྷ་གནས་ཀུན་ཏུ་འགྲོ། །སངས་རྒྱས་ཞིང་ ཡང་མཐོང་བར་འགྱུར། །ཚེ་ལོ་ཁྲི་ཕྲག་གཅིག་བསྐོར་ནས། །རིག་འཛིན་ཆེན་པོའི་གནས་སུ་འགྲོ། །འདིར་གསུངས་པ་འམ་མ་གསུངས་པ་།སྔགས་དང་ལྷ་ [50B] །རིག་འཛིན་གྲུབ་པར་གྲགས་པ་རྣམས། །མ་ལུས་ཐམས་ཅད་འགྲུབ་པར་འགྱུར། །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པ་ ལས༑ རིག་འཛིན་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཕྲན་ཚེགས་ལས་ཀྱི་སྤྱོར་བ་གཙོ། །གཟའ་ཡི་ཆོ་ག་འདི་ ཡིན་ཏེ༑ ༑གནོད་པ་སེལ་དང་ཕན་སྐྱེད་མཛད། །བ་ཡི་རྣམ་ལྔས་བྱུགས་པ་ཡི། །དཀྱིལ་འཁོར་དབུས་སུ་པདྨ་ནི། །ཁ་དོག་སྣ་ཚོགས་ཉིས་བརྩེགས་ཀྱི། །དབུས་སུ་ སངས་རྒྱས་དེ་བཞིན་ལྷོར། །ཆོས་ཀྱི་རྡོ་རྗེ་ཆོས་དཀར་བོ། །ཤར་དུ་དགེ་འདུན་ལྗང་གུ་འོ། །ནུབ་ཏུ་འཇིག་རྟེན་དབང་ཕྱུག་དམར་།བྱང་དུ་ཕྱག་ན་རྡོ་རྗེ་སྟེ། །བྱང་ཤར་དུ་ ནི་འཇམ་དཔལ་སེར། །མེར་ནི་གཤིན་རྗེ་གཤེད་པོ་ནག་དབྱུག་འཆང་མ་ཧེ་ཞོན་པའོ། །མི་གཡོ་མགོན་པོ་སྲིན་པོའི་ཕྱོགས། །རྟ་མགྲིན་རླུང་གི་ཕྱོགས་སུ་འོ། ། དཀོན་མཆོག་གསུམ་པོ་ཆོས་འཆད་རྒྱ། །སེམས་དཔའ་ཁྲོ་བོ་རང་རྟགས་སོ། །ཀུན་ཀྱང་རིན་ཆེན་ཁྲི་ལ་བཞུགས། །དེ་རྒྱབ་ཆ་ལ་གཟའ་རྣམས་ཏེ། །ཤར་དུ་ཉི་མ་དཀར་ སེར་ནི༑ ༑རྟ་ལ་[?]ཞོན་ཏེ་པདྨ་འཆང། །ནུབ་ཏུ་ཟླ་བ་དཀར་པོ་ནི་།ཀུ་མུ་ད་འཆང་ངང་བ་ཞོན། །ལྷོར་ནི་མིག་དམར་ཁ་དོག་དམར་།རིལ་བའི་སྟེང་བཞུགས་མེ་སྒྲོན་བསྣམས། ། [51A]༄༅། །ལྷག་པ་མདོག་སེར་ཨུཏྤལ་འཆང། །བྱང་དུ་པད་སྟེང་བཞུགས་པ་ཡི། །ཕུར་བུ་མདོག་སྔོན་གླེགས་བམ་ཐོགས། །ཤར་ལྷོ་ཕྱོགས་ སུ་ཀླུ་ལ་བཅིབས། །པ་ཝ་སངས་དཀར་ཤིང་ཐོག་འཆང། །ལྷོ་ནུབ་གསེར་གྱི་ཁྲི་ལ་བཞུགས། །བྱང་ཤར་སྤེན་པ་མདོག་ནག་ནི། །ཚངས་པའི་སྟེང་ན་དབྱུག་པ་ ཐོགས༑ ༑ནུབ་བྱང་སྒྲ་གཅན་དུད་ཀ་ནི། །སྦྲུལ་གྱི་སྟེང་ན་འཁོར་ལོ་འཛིན། །རྣོན་པོ་ལྗང་གུ་རལ་གྲི་འཆང། །གཙོ་བོའི་དྲུང་དུ་པད་སྟེང་བཞུགས། །ན་མཿ་སརྦ་ཏ་ ཐཱ་ག་ཏེ་བྷྱ། སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་བྷ་ཀི་ནཱཾ་སཱཧཱ། ཉི་མའི་སྙིང་པོའོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་སརྦ་ཏྲ་ ཡཾ་ཨ་སཱ་ཧཱ། ཟླ་བའི་འོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་ཨ་བཱིརྱ་ཡ་སཱ་ཧཱ། རྣོན་པོའིོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ས་ པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་སུ་བི་ཤུདྡྷ་སཱཧཱ། མིག་དམར་གྱིའོ། །ན་མཿ། སརྦ་ཏ་ཐཱ་ཏ་ག་ཏེ་བྷྱ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་བི་སུ་ཊ་པ་ཀ་ཡ་ སཱཧཱ། གཟའ་ལྷག་གིའོ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་བཧི་ཀ་མྱ་དྷཱ་ཡ་སཱཧཱ། ཕུར་བུའིོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་ [51B] སརྦ་ཐཱ། ཨོཾ་སུ་དྷརྨཱ་རྞ་ར་ཧོ་སཱཧཱ། པ་ཝ་སངས་རྒྱས་ཀྱིའོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་ཀྲྀཥྞ་བརྞ་ཕ་ཀ་སཱཧཱ་ སྤེན་པའི་འོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ས་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་བི་ཀྲྀ་ད་ལ་ཀུ་རུ་ཙི་སཱཧཱ་སྒྲ་གཅན་གྱིའོ། །སྔགས་རེ་བརྒྱད་སྟོང་བརྒྱད་བརྒྱ་བཟླས། ། ཅི་འབྱོར་མཆོད་དེ་གསོལ་བ་གདབ། །ལོངས་སྤྱོད་སྤེལ་ཅིག་འཇིགས་པ་སེལ། །ནད་མེད་བགེགས་རིམས་འཇོམས་པར་འགྱུར། །རིམས་སོགས་གཟས་ཟིན་ནང་ ལ་ཡང། །སྐུ་ཡི་དྲུང་དུ་གསོལ་བཏབ་སེལ། །ཞི་རྒྱས་དབང་དྲག་གང་སྦྱར་བ། །དེ་དག་ཐམས་ཅད་འགྲུབ་པར་འགྱུར། །མི་དང་བྱ་རྒོད་སྦྲུལ་རུས་པ། །སྐབས་སུ་བཏུམས་ ནས་དགྲ་ཁྱིམ་སྦ། །དགྲ་བོ་ནད་སྐྱེད་ནོར་རྣམས་བརླག་རྟག་ཏུ་འཐབ་མོ་འབྱུང་བར་ངེས། །སྟག་བུ་ཐོད་རུས་འུག་པའི་སྤུ། །དགྲ་བོའི་སྒྲོ་སྦས་སྐྲོད་པར་བྱེད། །ནེའུ་ལེ་ ནག་པོ་ཝ་སྦལ་རུས། །རང་ཁྲག་རྩངས་པའི་མགོ་བོ་རྣམས། །གོང་བུ་མིང་བཅས་དགྲ་སྒོར་སྦ། །དགྲ་བོ་འཁོར་བཅས་ཤི་བར་འགྱུར་།མི་ཚིལ་དུར་ཐལ་རྒྱ་སྐྱེགས་ནི། ། ཐོད་པ་སོ་ཅན་ནང་བླུགས་ནས། །གང་གི་སྒོར་བཞག་ཁང་པ་འཇིག་།ཀུ་ཤའི་གཟུགས་བརྙན་རྐང་པས་མནན། །དབང་བྱར་འདོད་པའི་རྡགས་[?]བཟླས་ན། །རྒྱལ་པོ་ཆེ་ཡང་ [52A]༄༅། །དབང་འགྱུར་ན། །འབྱུང་པོ་གཞན་ལྟ་སྨོས་ཅི་དགོས། །བུད་མེད་སྐྱེས་ཕྱུགས་ལ་སོགས་ལ། །རང་མིང་ལྡན་པའི་གཟུགས་བྱས་ཏེ་།རྐང་ བ་གཡོན་མནན་མིང་བཅས་བཟླ། །གང་དང་གང་ཡང་ངེས་པར་འགྲུབ། །ས་ལ་བགེགས་ཀྱི་གཟུགས་བྲིས་ཏེ། །སྔགས་ཀྱིས་བརྡུངས་ན་བརླག་པར་འགྱུར། །འཇིམ་ པས་བགེགས་ཀྱི་གཟུགས་བྱས་ཏེ། །གདབ་ཅིང་བརྡུངས་ན་སེལ་བར་ངེས་།ཕུར་བུས་གདབ་དང་མཚོན་ཆས་བྲབ། །རྡོ་རྗེ་རི་རབ་ལྕོག་བརྒྱད་ལྡན། །ས་ལ་བྱས་ པའི་ཐེམ་བར་དུ། །གཟུགས་བརྙན་བཅུག་སྟེ་རྐང་པས་མནན། །གཟས་ཟིན་ནུབ་མོའི་མཎྜ་ལ། །དྲི་བཟང་མེ་ཏོག་སིལ་མ་བཀྲམ། །ཕ་རོལ་ཕྱིན་པའི་གླེགས་བམ་བཞུགས་ དྭངས་མའི་སྣོད་དུ་མར་བཞག་སྟེ། །སེང་ལྡེང་མེས་ནི་བསྐོལ་བར་བྱ། །དངོས་གྲུབ་རྣམ་གསུམ་འགྲུབ་པ་དང། །གཏེར་མཐོང་བར་ཡང་འདིས་འགྱུར་རོ། །ཁྲོས་ པས་སྤྱན་གྱི་ཕྱག་རྒྱ་བྱ། །ཧཱུཾ་མཐའ་གསང་སྔགས་དྲག་ཏུ་བརྗོད། །དུར་ཁྲོད་ཐལ་བ་གང་བྱིན་པ། །གདོན་གྱིས་འཛིན་ནམ་བྲན་དུ་འགྱུར། །དེ་ནས་མི་གཡོ་སྤྱན་ གཅིག་པའི། །སྔགས་ཀྱི་ཆོ་ག་བཤད་པར་བྱ། །རིས་མའི་དྲུང་དུ་འབུམ་ཕྲག་གསུམ། །བརྗོད་པས་འདི་ཡི་བསྙེན་པ་རྫོགས། །དབེན་པར་ཟན་གྱི་ཆང་བུ་སྦྱིན། །དེས་ [52B] །མཛུབ་མོའི་རྩེ་ལ་ཧཱུཾ་བཀོད་ནས། །བརྗོད་པས་སྤྲིན་རྣམས་འབྲལ་བར་བྱེད། །དགྲ་བོ་ལྷར་བཅས་གཟུགས་བརྙན་ལ། །རྐང་གཡོན་མནན་ བཟླས་ལྕགས་ཕུར་གདབ། །བཀའ་ཉན་འགྱུར་རོ་གཏུབས་ན་ཤིང། །སྐུད་པ་སེར་པོ་བཅིངས་ནང་ངག། སྤང་ལེབ་མནན་ན་མནན་པར་འགྱུར། །ར་ལྤགས་བྲབས་ན་ བཀའ་ཉན་འགྱུར། །སྲད་བུ་ཡུངས་ཀར་ལ་བཟླས་ཏེ། །འཆང་ན་གང་འདོད་སྲུང་བར་བྱེད། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་བི་ཤྭ་མུ་ཁེ་བྷྱ། སརྦ་ཐཱ། ཨོཾ་ཙཎྜ་ལ་མ་ཧཱ་ རོཥ་ཎ་ཧཱུཾ་ཏྲཾ་ཐཱ་མ་ཧཱ་ཙཎྜ། ཨ་ཙ་ལ་ཀ་ན་ཧཱུཾ་ཧཱུཾ་ཧཱུཾ་ཨ་པྲ་ཏི་ཧ་ཏ། ཏ་ཐཱ་ག་ཏ་ཛྙཱ་སྨ་ར་ཧཱུཾ་ཧཱུཾ་ཕཊ་སཱཧཱ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ། །ཙནྡན་སྦགས་པའི་པདྨ་ནི། །སྔགས་ བཅས་ཅི་ཙམ་བསྒྱུར་བའི་གྲངས། །གསེར་གྱི་དོང་ཚེ་རྙེད་པར་འགྱུར། །བྲམ་ཟེ་འམ་ནི་དགེ་འདུན་རས། །རྒྱལ་པོ་རས་སམ་གྲོ་ག་ལ་།པདྨ་མུ་ཁྱུད་གཉིས་ལྡན་བྲི། ། ལྟེ་བར་ཨོཾ་ཧཱུཾ་མིང་དང་བཅས། །ཙཎྜ་མ་ཧཱ་རོ་ཥ་ཎ། །ཕཊ་དང་བཅས་པ་འདབ་མར་བཀོད། །མུ་ཁྱུད་དང་པོར་རྩ་སྔགས་ཏེ་།གཉིས་པ་འཇམ་དཔལ་སྔགས་ཉིད་ བྲི༑ ༑དྲི་དང་མེ་ཏོག་སོགས་མཆོད་ནས། །སྐབས་ཀྱིས་དྲིལ་ནས་ལུས་ལ་བཅང། །གདོན་དང་ནད་དང་མུ་གེ་སེལ། །གཡུལ་དུ་ཕྱིན་པ་རྒྱལ་བར་འགྱུར། །ཡང་ན་ [53A]༄༅། །རལ་གྲི་སོ་བཞིར་བྲི། །འོད་ཀྱི་རི་མོ་ནང་ཆུད་པ། །ཡེ་དྷརྨ་ལ་སོགས་ཀྱིས་བསྐོར། །དབུས་སུ་མིང་དང་བཅས་པ་ཡི། །སྙིང་པོ་སྔགས་ ནི་ཁྲིགས་སུ་བྲི། །འདིས་ཀྱང་སྔོན་གྱི་ཡོན་ཏན་འགྱུར། །མཐོ་ལས་འཁོར་བའི་བར་དུ་ནི། །མཐོ་གང་འཕང་དུ་ཡོད་པ་བྱ། །ནང་དུ་མཚལ་གྱིས་འཇམ་དཔལ་ སྔགས༑ ༑མགོ་ནི་གྱེན་དུ་བལྟས་པ་བྲི། །ཁ་ལ་ཉེ་བར་རྟེན་འབྲེལ་སྔགས། །སྤྲ་ཚིལ་ལས་བྱས་དགྲ་ཡི་གཟུགས། །དུག་དང་གྲི་ཁྲག་གིས་བྲིས་ནས། །མིང་ ཡིག་གསོད་པར་བཅས་པ་ནི། །ལིངྒའི་སྙིང་གར་བཅུག་བྱས་ཏེ་།དཀྱིལ་འཁོར་གྲུ་གསུམ་ནག་པོ་ཡི། །དབུས་སུ་མཐོ་གང་བྲུས་བྱས་ཏེ་།ནང་བཞག་སྟེང་ དུ་པར་བུ་སྦུབ། །ཇི་སྲིད་མར་གྱི་ཚེས་གཅིག་ནས། །ཟླ་བ་མི་སྣང་ཞག་བར་དུ། །ཉིན་མོ་རྟེན་འབྲེལ་སྔགས་བཟླས་ཏེ། །མཚན་དུས་ཁྲོ་བོ་སྤྱན་གཅིག་པའི། ། སྔགས་ནི་དྲག་ཏུ་བརྗོད་པར་བྱ། །མཚམས་དང་ཅི་སྲིད་མཚམས་པར་དུ། །གཡོན་དུ་བསྐོར་ཞིང་རྩ་བའི་སྔགས། །དྲུག་ཅུ་རྩ་བཞིའི་གྲངས་སུ་བརྗོད། །འཇམ་ དཔལ་སྔགས་ཀྱིས་ཆོས་གོས་བསྲུང། །བདེ་གཤེགས་ཡི་གེ་བརྒྱ་པས་ནི་།མཆོད་རྟེན་ལ་ནི་གསེག་ཤང་གསིལ། །སངས་རྒྱས་བསྟན་པ་འཇིག་པ་དང། ། [53B] །ལོག་ལྟ་ལོག་པར་སྤྱོད་བྱེད་ཅིང། །སེམས་ཅན་ལ་འཚེ་བྱེད་པ་ནི། །རྒྱལ་པོ་ཁྲོ་བོ་ཆེ་བཅུ་དང། །འཇིག་རྟེན་སྐྱོང་དང་རྒྱལ་ ཆེན་བཞི། །མ་ཚོགས་གཟའ་དང་རྒྱུ་སྐར་ཚོགས། །བསྟན་དགའ་རྣམས་ཀྱིས་མྱུར་དུ་སྒྲོལ། །རྒྱུད་གཞན་དག་ལ་གྲགས་པ་ཡི། །བདེན་པའི་མཐུ་ཡང་དུ་མ་བརྗོད། ། དུར་ཁྲོད་ས་ལ་མཆོད་རྟེན་ནི། །ནག་པོ་གྲུ་གསུམ་ཁྲུ་གང་བའི་།སྲོག་ཤིང་ནག་པོ་གསུམ་པ་ལ། །བདེ་གཤེགས་ཡི་གེ་བརྒྱ་པས་དཀྲི་།གུར་གུམ་ལི་ཁྲིས་བྲིས་ པའོ༑ ༑མྱ་ངན་མེད་ཤིང་གྲུ་གསུམ་ལ། །རྒྱ་གྲམ་དབང་ཆེན་རིམ་པར་བཅའ། །ལཾ་དང་སྟཾ་བྷ་ཡ་ནན་བརྒྱད། །ཕྱོགས་བརྒྱད་བྲི་བའི་རྭ་དབུས་ལ། །ཉེ་སྙིང་མིང་དང་ བཅས་པ་བྲི། །དེ་ཡི་ལྟེ་བར་སྙིང་པོ་ནི། །གསད་པའི་མིང་བཅས་བྲི་བ་འོ། །ཚོགས་ཀྱི་བདག་པོ་གཏོར་མས་མཆོད། །མ་མོ་རྣམས་དང་ལེགས་ལྡན་སྲས། །ཤ་ཁྲག་ མེ་ཏོག་ནག་པོས་མཆོད། །ཅི་སྲིད་གསུམ་དང་བདུན་བར་དུ། །ལེ་ལོ་མེད་པར་བྱས་གྱུར་ན། །དགེ་སློང་དགེ་ཚུལ་བསྙེན་ལྡན་གང། །སྡོམ་བརྩོན་དེ་ནི་ལྡན་གྱུར་ཏེ། ། སྡིག་ལྡན་མྱུར་དུ་ཤི་བར་འགྱུར། །དེ་ནས་ཡང་དག་བཤད་བྱ་བ་།གཏུམ་པོ་རྡོ་རྗེ་འཛིན་པ་ཡིས། །སྣ་ཚོགས་ལས་རྣམས་ཐུན་མོང་སྟེ། །ཁྱད་པར་སྦྱོར་བ་ཅུང་ [54A]༄༅། །ཟད་བཤད། །ཡུངས་ཀར་བསྣུན་པས་འབྱུང་བོ་འབྲོས། །སེར་བ་སྲུང་ན་འཁོར་ལོ་འམ། །རྔ་དང་དུང་ལ་བྲི་བར་བྱ། །གཡུལ་དུ་ འཇུག་ན་རལ་གྲི་སོགས། །ནད་ལ་འཁོར་ལོ་ཆུ་ཡུངས་ཀར། །ཐོད་ལེ་ཀོར་གྱིས་ས་ཕོར་ལ། །བྲིས་ཏེ་སྒྲོ་སྦས་སྤྲེའུ་སྲུང། །སྤྲ་ཚིལ་གཟུགས་བརྙན་སོར་བཞི་ པ༑ ༑དུར་ཁྲོད་ཐལ་བཟླས་སྒོ་སྟེང་བཞག་ནད་པ་གདོན་ལས་སྲུང་བར་ངེས། །སྙིང་གར་མིང་སྔགས་སྤེལ་བཅུག་ནས། །ཚེར་མ་ཁར་བཙུགས་ངག་རེངས་ བྱེད༑ ༑སྙིང་ལ་བཙུགས་ན་ཁྲོས་པ་ཞི། །ནན་ཏན་སེམས་ཀྱིས་གསོད་པར་ངེས། །ལིངྐས་རྟགས་ཀྱི་ནུས་པ་མེད། །ཡང་ན་རབས་ཆད་ཐོད་པ་ལ། །མིང་སྔགས་ བྲིས་ཏེ་མི་ཁྲག་བཀང། །རབས་ཆད་དུར་སྦས་རིགས་རྒྱུད་འཆད་།ཁྱི་ནག་ཐོད་པར་མིང་སྔགས་བཅས། །དུག་བཀང་ཀླུ་གནས་སྦས་མཛེས་འཛིན། །དགྲ་ཡི་ སྒོར་སྦས་འབྱེད་པར་བྱེད། །ཞིང་དུ་སྦས་ན་ལོ་ཉེས་བྱེད། །ཕྱུགས་ནད་གོད་འབྱུང་ཟླ་དང་འབྱེད། །ཆུ་དོང་སྦས་ན་ཆུ་སྐམ་འགྱུར་།མེ་དུར་སྦས་ན་རིམས་ཀྱིས་ འཛིན༑ ༑ཡང་ན་དགྲ་མིང་ཁྲག་གིས་བྲིས། །སྤྲ་ཚིལ་གཟུགས་ཀྱི་སྙིང་གར་བཅུག་མཆོད་རྟེན་ནག་པོ་མཐོ་གང་བའི། །ནང་བཅུག་དོང་བཞག་ལྷུང་བཟེད་སྦུབ་ [54B] །ནག་པོ་ཚེས་ནས་ཕྱིས་བསྐོར་ཞིང། །བདེན་པའི་མཐུ་བརྗོད་གཟུགས་བརྙན་བསྲེག་དགྲ་བོ་ཤི་འགྱུར་ཐེ་ཚོམ་མེད། །གྲི་ ཁྲག་བྱ་རོག་འུག་པའི་ཁྲག་ཀ་ཏྲ་ཏ་ཡི་ལྟེ་བ་ལ། །ཀ་རོ་ཀི་ཡི་དུས་སུ་ནི། །གཟུགས་ལ་མིང་དང་སྔགས་བཅས་བྲི། །རྐང་པས་མཉེས་ན་རྡུལ་དུ་འགྱུར། །རྡོ་རྗེ་འཛིན་ པའི་བཀའ་བཞིན་ནོ། །མཚོན་གྱིས་བསད་པའི་ཐོད་པ་ལ། །སྔགས་དང་ཡུལ་ལྷའི་མིང་སྤེལ་བྲི། །ལྷ་ཡི་གནས་བཅུག་དེ་སྟེང་དུ་།སྔགས་བཟླས་ཕུར་པ་སྙིང་གར་ གདབ༑ ༑གདུག་པའི་ཚེར་མའི་ཧོམ་སྦར་ཏེ། །མི་རྟ་བ་ལང་ཁྱིམ་ཧེ་།སྣ་ཚོགས་ཁྲག་བསྲེས་འདི་སྐད་བརྗོད། །ལྷ་ཁྱོད་ཡུལ་འདིར་ཐོག་སེར་ཕོབ། །མེད་ན་བསྐལ་ པར་ཁྱོད་ཉིད་སྲེག་དེ་རྗེས་དཀར་དང་མངར་མཆོད་དོ། །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། །སྦྱོར་བ་ཕྲན་ཚེགས་ཀྱི་ལེའུ་སྟེ་ བརྒྱད་པའོ།། །།དེ་ནས་སྦྱིན་སྲེག་ལས་རྣམས་ཀུན། །མྱུར་འགྲུབ་ཐབས་ནི་བཤད་པར་བྱ། །མངར་གསུམ་དུར་བ་བསྲེགས་པ་ཡིས། །གནོད་ རིགས་ཐམས་ཅད་སེལ་བར་བྱེད། །ཡ་མ་ཤིང་འབྲས་བུ་གསུམ་བསྲེགས་ཤིང། །གདོན་ནད་ཐམས་ཅད་ཞི་བར་བྱེད། །འོ་མ་ཅན་གྱི་ཡམ་ཤིང་ལ། །འོ་མ་ [55A]༄༅། །དུར་བ་ཏིལ་དང་འབྲས། །སྙིང་རྗེའི་སེམས་ཀྱིས་བརྒྱ་བསྲེགས་ན། །གནོད་པ་ཐམས་ཅད་ཞི་བར་འགྱུར། །ག་པུར་མངར་གསུམ་འབྲུ་ ཐམས་ཅད། །དུར་བ་དཀར་པོའི་ཡམ་ཤིང་རྣམས། །འོ་མ་ཅན་གྱི་ཤིང་ལ་བསྲེག་ནད་དང་གདོན་རྣམས་ཐམས་ཅད་ཞི། །འོ་མ་སྦྱིན་སྲེག་བརྒྱ་རྩ་བརྒྱད། ། ཕྱུགས་ངས་ཆེན་པོ་ཞི་བར་འགྱུར། །དུར་བ་མངར་གསུམ་མིང་བཅས་པས། །བསྲེགས་པས་རྟ་ཕྱུགས་ནད་ཞི་བྱེད། །ཤར་ལྷོ་ནུབ་བྱང་ཕྱོགས་ཀྱི་ནི། །དཀར་ནག་ དམར་སེར་ཁ་དོག་འགྲུབ། །ཁྲུ་གང་ཁྲུ་གཉིས་ཚད་ཀྱི་ཐབ། །སོར་བཞིར་ཁ་ཁྱེར་རིམ་པས་གཏང། །སེམས་དཔའ་པདྨའི་རྡོ་རྗེ་དང་།གཅིག་པུས་ཞི་རྒྱས་ དབང་དྲག་འགྲུབ། །དེ་ནས་རྒྱས་པའི་སྦྱིན་སྲེག་ནི། །ཅི་འདོད་ཐོབ་པ་བཤད་པར་བྱ། །པདྨའི་ཆུ་ལ་འབུམ་ཕྲག་གཅིག་རྒྱལ་པོ་ཐོབ་སྟེ་བློན་པོ་ནི། །ཀུ་མུ་ད་ ལ་འབུམ་ཕྲག་གསུམ། །ཞོ་དང་མངར་གསུམ་དང་བཅས་པའོ། །ཨ་བ་མརྒའི་འབྲས་བུ་དང། །མངར་གསུམ་འབུམ་གྱིས་ཡུལ་བདག་ཐོབ། །རིགས་བཟང་ འབུམ་ཕྲག་བདུན་གྱིས་ནི། །ཡིད་ལ་ཅི་འདོད་ཐོབ་པར་འགྱུར། །དུར་བ་ཏིལ་དང་འབྲས་སོགས་བསྲེག་བུད་མེད་བུ་བཟང་ཐོབ་པར་འགྱུར། །ནོར་འདོད་པས་ [55B] །ལག་པ་གཡས་པ་མཛོད་བཞག་ནས། །མཆོད་ཅིང་གསོལ་བ་བཏབ་པས་ནི། །ནོར་རྣམས་མྱུར་དུ་ཐོབ་པར་འགྱུར། །ཡང་ན་རྒྱ་ཡི་པགས་པ་ལ། །གུར་ གུམ་གིའུ་ཝང་ཡུང་བས་ནི། །བྱི་བ་ཆེ་བརྗིད་སེར་པོ་བྲི། །ཤར་ན་མཛོད་ཕུགས་བལྟས་[?]བཞག་ཟས་ཀྱི་ལྷག་མས་མཆོད་བྱ་ཞིང་།གསོལ་བ་བཏབ་པས་ནོར་ རྙེད་འགྱུར། །པདྨའི་ཟེ་བ་ཀ་ལི་ཀ། །བྲི་ཡང་ཀུས་ནི་ནོར་རྙེད་དོ། །འབྲས་བསྲེགས་པས་ཀྱང་ནོར་ཆེན་ཐོབ། །ཀུ་མུ་ད་ཡི་འབྲས་སོགས་བསྲེག་ལོངས་སྤྱོད་ཆེ་དང་ ས་གཞི་འཐོབ། །པདྨ་ཞོ་དང་སྦྲང་རྩི་མར། །སྦྱིན་སྲེག་འབུམ་གྱིས་མཆོག་སྩོལ་བ། །གསུམ་པ་དག་ཀྱང་མཐོང་བར་འགྱུར། །བིལ་བའི་འབྲས་བུ་མངར་གསུམ་ བཅས༑ ༑འབུམ་ཕྲག་གསུམ་དུ་བསྲེགས་པས་ནི། །རང་ཉིད་རྒྱལ་པོ་ཆེན་པོར་འགྱུར། །མར་དང་ཉུངས་ཀར་དཀར་པོས་ནི། །ནིམ་པའི་ཤིང་ལ་འབུམ་བསྲེག་ན། ། སྙིང་པོ་སྙིང་པོ་རྒྱས་པར་འགྱུར། །ནས་ལ་སོགས་པའི་འབྲུ་རིགས་རྣམས། །གང་བསྲེགས་གསོལ་བཏབ་དེ་རྒྱས་འགྱུར། །གང་འདོད་གོས་ཀྱི་ཁ་དོག་ཅན། །མེ་ཏོག་ བསྲེག་ན་གོས་རྙེད་འགྱུར། །སྦོས་ཤིང་བསྲེག་ན་འཁོར་གཡོག་འཕེལ་།ཞོ་མར་སེང་ལྡེང་མེ་ལ་སྟོང། །བསྲེགས་ན་ནོར་རྣམས་རྙེད་པར་འགྱུར། །དེ་ནས་དབང་ [56A]༄༅། །གི་བསྲེག་ལུགས་བཤད། །ཏིལ་དང་འབྲས་སོགས་ཕུབ་མ་བསྲེགས། །བུད་མེད་དབང་དུ་བྱེད་པའོ། །བྲི་ཡང་ཀུ་ཡི་སྦྱིན་སྲེག་གིས། ། བྱིས་པ་རྣམས་ནི་དབང་དུ་འགྱུར། །འོ་མ་སྦྲང་རྩི་ཨ་རུ་རའི་།ཤིང་ལ་བསྲེག་ན་ལྷ་དབང་བྱེད། །གསུམ་པོ་དེ་དང་གུ་གུལ་སྲེག་།གནོད་སྦྱིན་རྣམས་ནི་དབང་དུ་ འགྱུར༑ ༑མྱ་ངན་མེད་པའི་ཡམ་ཤིང་གིས། །གནོད་སྦྱིན་མོ་རྣམས་དབང་དུ་འགྱུར། །རྒྱལ་པོའི་ཡུངས་ཀར་ཡུངས་མར་བཅས། །བསྲེགས་པས་རྒྱལ་པོ་དབང་ དུ་འགྱུར། །དེ་ནས་དྲག་པོའི་ལས་གྲུབ་པའི། །སྦྱིན་སྲེག་ཡང་དག་བཤད་པར་བྱ། །མིང་བཅས་ཚད་དང་ནིམ་པ་བསྲེགས། །བསྟན་སྡང་དགྲ་བོ་མྱུར་དུ་འཆི། །དགྲ་ མིང་དུག་གིས་ནིམ་པ་ལ། །བྲིས་ཏེ་དུག་དང་ལྷན་ཅིག་ཏུ། །སྦྲུལ་ཤུན་ཐུམ་པོ་ལྔ་བྱས་ནས། །ཐོད་པ་ལྔ་ཡི་ནང་བཞག་སྟེ་།ལྔ་པོ་ཡུངས་མར་གྱིས་བཀང་ནས། ། གསུམ་ནི་སྐྱེས་བུ་གཉིས་བརྩེགས་ལ། །ཁྲོས་པས་གཅིག་ཏུ་སྐྲ་གྲོལ་བས། །སྔགས་བརྗོད་ཐལ་བར་གྱུར་བར་དུ། །ཉིན་ཕྱེད་བསྲེག་ན་དགྲ་འཆི་ངེས། །འཆི་ ལྟས་འདམ་མ་རྩ་བ་ཤུན། །ར་ཁྲག་ཉུང་མར་ཚྭ་རྒྱ་སྐྱེགས་།ཚ་བའི་བུད་ཤིང་ཡམ་ཤིང་ལ། བདུན་ཕྲག་མིང་དང་བཅས་པ་བསྲེག་སྟོང་ཕྲག་གཉིས་ཀྱིས་རྟ་ [56B] །བཞིས་ནི་བུ་དང་ཆུང་མ་འཆི། །དྲུག་གིས་ཉེ་དུ་གཉེན་འདུན་བརླག། །བརྒྱད་ཀྱིས་དགྲ་ཡི་རང་སྲོག་འཆད། །གལ་ཏེ་སྐྱབས་སུ་འོངས་གྱུར་ན། །འོ་མ་སྟོང་ བསྲེགས་རྣལ་དུ་སོས། །ཁྲག་དང་དུག་ཕྱེ་ནིམ་པའི་འབྲས། །ཡུངས་མར་ལ་སྦྲགས་བརྒྱ་རྩ་བརྒྱད། །མྱོས་བྱེད་ལ་བསྲེག་དགྲ་བོ་འཆི། །ཡང་ན་རུས་ཕྱེ་ནིམ་པའི་ ལྔ༑ ༑རང་གི་ཁྲག་གམ་ཡུངས་མར་སྦགས། །ཡང་ན་སྐྱེ་ཚེ་དུག་དང་ནི། །ནིམ་པའི་འབྲས་བུ་གསད་པར་བྱ། །ཡང་ན་གྲི་ཁྲག་གིས་བསྲེགས་པས། །བྱད་མ་མྱུར་དུ་ གསོད་པར་འགྱུར། །ནིམ་པའི་ལྔ་དང་ར་ཁྲག་དུག་དྲི་མ་ལྔ་བཅས་གཟུགས་སྙིང་གར། །མིང་ཡིག་བཅུག་ནས་ཕུར་བུས་གདབ། །རིག་སྔགས་བྱད་མ་ཉིད་ལོག་ འགྱུར༑ ༑རྒྱ་སྐྱེགས་མི་རུས་ཕྱེ་མ་ཡིས། །མི་ལྤགས་རློན་པ་དགྲ་གཟུགས་བྲི། །དུག་དང་སྐེ་ཚེ་ཅུང་ཟད་བྱུག་ནིམ་པའི་མེ་ལ་ཁྲོས་པས་བསྲོ། །བསྲེགས་པས་ཚ་ བའི་རིམས་ཀྱིས་འཆི། །དུར་བ་འོ་མས་སོས་པར་འགྱུར། །དུག་དང་ནིམ་པ་སྒོག་སྐྱ་དང། །མི་རུས་ཕྱེ་བསྲེགས་ཕྱུགས་རྣམས་བརླག་ཚ་གསུམ་ལན་ཚྭ་དུ་ རང་སྐྱུར། །ཡུངས་མར་རོ་སྐྲ་སྦྲུལ་ཤུན་དང། །ནིམ་པའི་ལྔ་དང་མི་རུས་ཕྱེ། །སྐྱེ་ཚེ་དུག་ཕྱེ་སྒོག་ཙོང་དང། །སྒོག་སྐྱ་ཚེར་མའི་མེ་ལ་བསྲེག་དགྲ་བོ་ཁྲག་ཏུ་སྐྱུགས་ [57A]༄༅། །ཏེ་འཆི༑ ༑རྒྱ་སྐྱེགས་ལན་ཚ་བ་ལང་མཁྲིས། །བསྲེག་ན་མཆིན་གས་ནད་ཀྱིས་འཆི། །སྒེའུ་གཤེར་ལན་ཚྭ་ཚ་བ་གསུམ་།གཟུགས་ བརྙན་དུར་ཁྲོད་མགལ་དུམ་ལ། །མགོ་ནས་རྐང་པའི་བར་དུ་བསྲེག་།ཐིག་ནག་གིས་ནི་གསོད་པར་འགྱུར། །འོ་མ་ཅན་གྱི་ཡམས་ཤིང་ལ་།དཀར་གསུམ་བསྲེག་ ན་སོས་པར་འགྱུར། །དྲི་ཆུས་སྦངས་པའི་ས་ལས་ནི། །ཐབ་ཁུང་བྱས་ཏེ་དུག་གིས་བྱུག་ནིམ་པའི་འདབ་མར་དགྲ་བོའི་མིང། །ར་ཁྲག་གིས་བྲིས་རྒྱུས་པ་དཀྲིས། ། ཚ་གསུམ་ཤིང་གི་མེར་བསྲེགས་པས། །རྒྱལ་པོ་མྱུར་དུ་འཆི་བར་ངེས། །དུག་ཁྲག་ལན་ཚྭ་ཚ་བ་གསུམ། །མིང་བཅས་གཟུགས་བརྙན་ནིམ་པའི་མེར། །བསྲེག་ ན་དགྲ་བོ་དམུ་རྫིང་ངམ། །མཛེ་ནད་ཀྱིས་ནི་གསོད་པར་འགྱུར་།ཚ་གསུམ་ནིམ་པ་དུག་དང་དུར། །ཁྲག་དང་ལན་ཚྭའི་གཟུགས་བརྙན་ནི། །ལན་ཚ་ནིམ་པ་ཚ་ བའི་མར། །བྱུགས་ནས་ཨརྒའི་ཤིང་ལ་བསྲེགས། །མཛེ་ནད་ཆེན་པོས་གཟུང་ནས་འཆི། །ར་ཁྲག་ཚྭ་གསུམ་ཉུངས་མར་སྦོས། །ནིམ་པའི་ལོ་མ་ན་ལེ་ཤམ། ། ཉུངས་མར་དུག་བསྲེགས་ཚ་བས་འཆི། །ན་ལེ་ཤམ་མམ་དུག་དང་ཚ་།གང་དུ་ར་ལྔ་ཆེ་བ་གསུམ། །སོལ་བ་ལ་ནི་དགྲ་གཟུགས་བྱ་།ཉུངས་མར་བྱུགས་ཏེ་བསྲེག་ [57B] ༑ཚ་གསུམ་པ་ཡི་འབྲས་བུ་ཡི། །ནིམ་པའི་འདབ་མ་དགྲ་མིང་བྲི། །ཐོད་པར་དུག་ཉུངས་ལྷན་ཅིག་བཞག་གང་དུར་ལྔ་བཙོས་ན་འཆིང། །རིས་མ་བྱང་དུ་བལྟས་ནས་ཀྱང།། རང་ཉིད་ལྷོ་ཕྱོགས་བལྟ་བར་བྱ། །ཚངས་པ་ལ་སོགས་ལྷ་ཚོགས་དང། །འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཅན། །མ་མོ་མཁའ་འགྲོ་ཤ་ཟ་སོགས། །ས་བཅུའི་དབང་ཕྱུག་བྱང་ཆུབ་ སེམས༑ ༑རིག་འཛིན་ཁྲོ་བོའི་རྒྱལ་པོ་དང། །སངས་རྒྱས་དཀྱིལ་འཁོར་ལྷ་རྣམས་གསོན། །སྡིག་ཅན་ང་རྒྱལ་གདུག་ཅིང་ཁྲོ། །ཆད་ལྟ་སྔགས་འཕྱ་དཀོན་མཆོག་བཅོམ། ། བསྟན་ལ་སྡང་ཞིང་སེམས་ཅན་འཚོ། །མཚམས་མེད་ཅན་འདི་བསྒྲལ་དུ་གསོལ། །རླུང་གིས་འཕར་ཞིང་ཆར་གྱིས་གཤེར། །མེས་གདུང་རྡུལ་ཚུབ་སྐབས་འདིར་སྐྱེ། ། སེངྒེ་མཁའ་ལྡིང་སྟག་ཁྲོ་བོས། །བཅོམ་ཞིང་འབུ་སྦྲང་བུང་རྒོད་ཀྱིས། །ཁྲག་འཇིབ་བྱ་ཚོགས་མཁའ་ལ་ཁྱེར། །མངོན་སྤྱོད་ལས་ཀྱིས་བསམ་གཏན་ནོ། །དེ་ནས་སྣ་ཚོགས་ ལས་བཤད་པ། །མི་རུས་ཕྱེ་མ་ཚེ་སྐྱེ་ཚེ། །གནོད་སྦྱིན་འཁྲིག་པ་དུག་ཤིང་ལ། །ཐ་དད་མིང་བཅས་བསྲེགས་པས་ནི། །བསྐྲད་དང་དབྱེ་དང་སྨྱོ་བར་བྱེད། །དུར་བ་འོ་མར་ བཅས་པས་སོས། །ཧང་དུར་ཡན་ལག་ལྔ་འབྲས་བུ། །ཚེར་མའི་མེས་བསྲེགས་སྨྱོ་བར་བྱེད། །ཚ་གསུམ་ལན་ཚྭས་ཚ་རིམས་བསྐྱེད། །ཡང་ན་ཤིང་སྐམ་ལྟ་ [58A]༄༅། །བུར་བསྐམས། །ཛམ་པའི་ར་དང་རང་སྐྱུར་བཅས། །དགྲ་བོ་གྲང་བའི་རིམས་ཀྱི་འདེབས། །ཁྭའི་སྒྲོ་ཨེ་རཎྜའི་མར་ཁུས་།བྱུགས་པ་ ད་དུར་མེ་ལ་བསྲེག་ལག་སྟོབས་ཁྭ་ཏ་ལྟ་བུར་ནི། །དགྲ་བོས་མཐའ་ཀུན་ཏུ་འཁྱམ། །སྐེ་ཚེ་མི་རུས་ལན་ཚྭ་དུག་ཉུངས་མར་ནིམ་པའི་མེ་ལ་བསྲེག་དགྲ་བོ་རྟག་ ཏུ་འཐབ་པ་དང། །ནད་རྣམས་ཀུན་གྱིས་འདེབས་པར་འགྱུར། །དུར་ཁྲོད་ཐལ་བ་སོལ་བར་བཅས། །དགྲ་བོའི་གཟུགས་བྱས་དུམ་བུར་མནན། །ཚམ་དམ་ཕུར་ བུས་འདེབས་པ་ནི། །ཕོལ་མིག་ནད་ངན་སྐྱེད་པར་བྱེད། །བྱ་རྒོད་འུག་པ་བྱི་ལ་ཤ། །ནེའུ་ལེའི་བུ་རྣམས་ཁྱེར་བའི་མེར། །དྲུག་ཅུ་རྩ་བརྒྱད་བསྲེགས་པ་ཡིས། ། མཐུན་གཉིས་མྱུར་རུ་འབྱེད་པར་ངེས། །ཁྲག་གཅན་རས་ལ་གཟུགས་བྲིས་ནས། །རྐང་གཡོན་སྐེར་མནན་ཚམ་ངམ་བཅས། །འདོད་བཅས་སྔགས་ནི་དྲག་པོ་ཡིས། ། བརྒྱལ་དང་རིམས་ནད་མཚེར་ནད་བསྐྱེད། །དགྲ་ཡི་སྐྲ་དང་རྐང་རྗེས་ས། །དགྲ་གཟུགས་དུག་དང་སྐེ་ཚེས་བྱུག་ཚོར་མེས་བསྲེགས་ན་རེངས་པར་འགྱུར། །དགྲ་ཡི་ཕ་ རུས་དུག་རང་སྐྱུར། །གཟུགས་བྱད་ནིམ་པའི་མེར་བསྲེགས་ན། །དགྲ་བོ་གདོན་ཆེན་ནད་ཀྱིས་འདེབས། །ཕག་རྟུག་སྣུ་ཧ་ཨརྒའི་ཤིང། །ཚེར་མེས་སྲེགས་ན་མགོ་འཁོར་ [58B] ༑ནེའུ་ལེ་བྱི་ལ་བྱི་ཚེར་སྤུ། །བསྲེགས་ན་བོང་བུ་བརླག་པར་འགྱུར། །མི་དང་ནེའུ་ལེ་ཁྭ་རུས་པ། །ཡུངས་མར་ནིམ་པའི་མེ་ལ་བསྲེག་གྲོང་དང་གྲོང་ཁྱེར་བསྐྲད་པར་བྱེད།། སྟག་སྤུ་ཐོད་རུས་འུག་པའི་སྤུ། །ས་ཧ་མེ་ཏོག་ན་ལེ་ཤམ། །ནིམ་པའི་ལོ་མ་དུག་སྲེག་བྱེད། །ནིམ་པའི་འབྲས་བུ་དུག་ལན་ཚ། །ད་དུར་འབྲུ་བསྲེགས་ནད་ སྐྱེད་བྱེད། །དུག་ཁྲག་ད་དུར་འབྲས་བུ་ཡིས། །ནིམ་པའི་ཤིང་ལ་དགྲ་མིང་བྲི། །ཚ་གསུམ་ལན་ཚ་ཁྲག་གིས་བྱུགས། །ལྕགས་སྣོད་ཡུངས་མར་ནང་བཞག་ནས། ། ནིམ་པའི་ཤིང་གིས་མེ་ཡིས་བཙོ། །དགྲ་བོ་ལྷ་དང་འབྱེད་པར་འགྱུར། །མི་ཁྱི་བྱ་རྒོད་རུས་ཕྱེ་དུག་སྐེ་ཚེ་ཡུངས་མར་སྦྲུལ་ཤུན་དང། །ནིམ་པའི་ལྔ་དང་སྐགས་ལན་ ཚྭ༑ ༑ཚེར་མེས་བསྲེགས་ན་ནད་ཀྱིས་འདེབས། །སྐེ་ཚེ་སྦྲུལ་ཤུན་ཚ་བའི་མར། །གཟུགས་བྱས་ཚ་བའི་མེ་ལ་གདུང། །ཆར་ཆེས་པ་དང་ཐོག་འབབ་འགྱུར། །འཕགས་པ་རྡོ་ རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། །སྦྱིན་སྲེག་ག་ལེའུ་སྟེ་དགུ་པའོ།། །།དེ་ནས་ཚངས་པ་ཁྱབ་འཇུག་སོགས་།འཁོར་གྱི་དཀྱིལ་ འཁོར་ཐམས་ཅད་ཀྱིས། །བཞེངས་ཏེ་ཐལ་མོ་སྦྱར་ནས་ཀྱང། །སྙན་པས་ཆེད་དུ་འདི་བརྗོད་དོ། །ཨེ་མ་སངས་རྒྱས་ཐམས་ཅད་ལ། །ཐབས་དང་ཤེས་རབ་བསམ་དུ་མེད། ། [59A]༄༅། །ཐུགས་རྗེས་གྱུར་པའི་ཐུགས་ཀྱིས་ནི། །མཚུངས་མེད་རྒྱ་ཆེ་དམ་ཆོས་གསུངས། །དུག་གི་འཇིགས་པས་ས་སྟེང་འཁྲིགས། །ཉོན་མོངས་ མུན་འཇིགས་མེད་པ་ཡི། །བདུད་རྩི་འོད་བཟང་འདི་གུས་ན། །ངན་འགྲོའི་འཇིགས་པ་སྟོང་པར་འགྱུར། །དེ་ནས་ཚངས་སོགས་འཇིག་རྟེན་སྐྱོང། །རྫུ་འཕྲུལ་ ལྡན་རྣམས་ཀུན་འདུས་ནས། །ངམ་ཞིང་ཆེད་དུ་བརྗོད་པ་འདི། །སྙན་པའི་ཚིག་གིས་རབ་ཏུ་གསོལ། །ཨེ་མ་སངས་རྒྱས་ཆེ་བའི་བདག་སེམས་ཅན་ཀུན་ལ་སྨན་ པར་དགྱེས། །སྐྱོབ་ཆེན་འཇིག་རྟེན་མགོན་པོ་ཡིས། །མཚུངས་མེད་བསམ་གྱིས་མི་ཁྱབ་ཐབས། །གསུངས་པ་འདི་ལ་གང་གནས་པ། །འཁོར་བའི་སྡུག་ བསྔལ་རྒྱ་མཚོ་སྦྱོང། །འགྲོ་ལ་སྨན་མཐོང་བསྒྲུབས་པས་ནི་།ལྷག་པའི་བདེ་བ་འབྱུང་བར་འགྱུར། །དེ་ནས་རྡོ་རྗེ་འཛིན་པ་སོགས། །བྱང་ཆུབ་སེམས་དཔའི་ ཚོགས་རྣམས་ཀྱིས། །ངོ་མཚར་སྤྱན་ནི་གདངས་ནས་སུ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་སངས་རྒྱས་བསམ་མི་ཁྱབ། གདོད་ནས་ཐུགས་སུ་འགྲོ་དོན་ ཆུད༑ ༑རྟོག་མེད་རང་བཞིན་ལས་གྲོལ་ནས། །བསམ་གྱིས་མི་ཁྱབ་གོ་འཕང་གསུངས། །འཆང་བྱེད་དང་པོ་ངན་འགྲོ་གཅོད། །གཉིས་པ་མཐོང་ཆོས་དངོས་ [59B] །དེ་རྗེས་འཇིགས་མེད་ང་ཡི་མེད། །དོགས་པ་སྤངས་ན་ཟད་པར་གྱིས། །ས་ལ་བཞུགས་ནས་སེམས་ཅན་དོན། །མ་བསམས་ཐོགས་པ་མེད་པར་བྱེད། ། གསང་སྔགས་རྒྱལ་པོ་སྐྱོབ་ཀུན་ལ། །སྦྱངས་ནས་འདོད་དོན་ཀུན་གྲུབ་སྟེ། །ནམ་མཁའ་ཆུ་སེར་དག་པ་ལྟར། །སྒོམ་པ་བླ་མེད་ཡིད་རྒྱས་བྱེད། །དེ་ནས་རིག་ པ་འཛིན་པའི་ཚོགས། །མ་ལུས་པ་རྣམས་འདུས་ནས་ཀྱང། །གཙོ་ལ་མེ་ཏོག་གཏོར་བྱས་ཏེ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་སངས་རྒྱས་བསམ་མི་ཁྱབ། ། དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འགྲོ་ལ་ཕན་དང་དོན་བྱེད་པའི། །ཆོ་གའི་མིང་དང་ཤེས་རབ་དང། སྙིང་རྗེའི་དབྱེ་བས་རྒྱས་གྱུར་ནས། མནར་མེད་ལ་སོགས་ ངན་འགྲོ་ཡི། །འཇིགས་རྣམས་ལས་རྒལ་པདྨ་ལྟར། །རྣལ་འབྱོར་ཅན་དེ་མཛེས་པར་སྤྱོད། །དེ་ནས་མཐུ་སྟོབས་ཆེར་ལྡན་པའི། །ཕྱོགས་བཅུའི་ཁྲོ་བོ་ཀུན་འདུས་ ནས༑ ༑ཤིན་ཏུ་དམ་པས་སྙན་ཚིག་གིས། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་སངས་རྒྱས་ཆོས་ཆེན་དང། །དགེ་འདུན་དཀོན་མཆོག་བསམ་མི་ཁྱབ། །འཁོར་བའི་ མུན་པ་ཆེན་པོར་ནི། །བྱིང་བས་བལྟ་དཀའ་རྟོགས་པ་ཡིས། །སྔགས་དང་ཕྱག་རྒྱ་བསམ་མི་ཁྱབ། །མཐོང་དང་ཐོས་པ་ཙམ་གྱིས་ཀྱང། །བལྟ་དཀའ་འབྱུང་པོ་ [60A]༄༅། །དྲག་པོ་རྣམས། །ལྷག་པའི་སེམས་ནི་སྐྱེས་པར་འགྱུར། །དེ་ནས་རིག་པའི་ལྷ་མོ་ཆེ། །སྤྱན་ལ་སོགས་པ་རྒྱ་ཆེན་རྣམས། །ངོ་མཚར་ གྱུར་ནས་སྤྱན་གདངས་ཏེ། །སྙན་པས་ཆེད་དུ་འདི་བརྗོད་དོ། །ཨེ་མ་སངས་རྒྱས་རྨད་དུ་བྱུང། །ཨེ་མ་སངས་རྒྱས་དཔའ་བོ་ཆེ། །ཨེ་མ་སངས་རྒྱས་རབ་ཏུ་ཟབ། །ཆོས་ རྣམས་སྐྱེ་མེད་འགག་པ་མེད། །སྒྱུ་འཕྲུལ་སྣ་ཚོགས་རོལ་པ་ལྟར་།སྒྱུ་མ་གདུལ་བྱ་ཚིམ་མཛད་པ། །སྤྲོས་པ་དང་བྲལ་སྤྲོས་པ་ལྟར། །སྒྱུ་མ་རབ་ཏུ་འཕེལ་ བར་མཛད། །དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས། །ཆེད་གསུམ་མི་མཇེད་འཇིག་རྟེན་ཁམས། །གདུལ་བ་དག་ལ་རབ་གཟིགས་ནས། །འདུལ་མཛད་རྡོ་རྗེ་ འཆང་བ་ལ༑ ༑ངོ་མཚར་རྨད་ཀྱི་གསུང་གིས་ནི། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨོཾ་ཞེས་དང་པོ་ཕྱག་འཚལ་བཀྲ་ཤིས་སྟེར་བྱེད་པ། །སེར་སྣ་རྣམ་པར་དག་ ནས་ཡོ་བྱད་དབང་ཐོབ་དང། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ནི། །རབ་དགའ་ཡེ་ཤེས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་འདུད། །ཙཎ་ ཡིག་དྲི་བཟང་ཙནྡན་བྱུགས་དང་ངང་ཚུལ་མཚུངས། །ཚུལ་ཁྲིམས་རྣམ་པར་དག་པས་ཚེ་ལ་དབང་བ་དང། །ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ [60B] ༑དྲི་མེད་ཡེ་ཤེས་ཁྲོ་རྒྱལ་མི་གཡོ་ཕྱག་འཚལ་ལོ་།ཌ་ཡིག་ཉོན་མོངས་སྒྲིབ་པ་གཏོར་བའི་ཞི་གནས་དང། །བཟོད་པ་དག་པ་སྐྱེ་བ་ལ་དབང་ཐོབ་པ་དང། །མོས་པ་ སྣ་ཚོགས་མཁྱེན་པ་ཞེས་བྱའི་སྟོབས་དང་ནི། །འོད་འཕྲོ་ཡེ་ཤེས་ཁྲོ་བོ་དབྱུག་སྔོན་ཕྱག་འཚལ་ལོ། །མ་ཡིག་སྒྱུ་འཕྲུལ་ཆེན་པོ་ལྷག་མཐོང་ཆེ་བའི་བདག་བརྩོན་ འགྲུས་དག་པས་སེམས་ལ་ཡང་དག་དབང་ཐོབ་དང། །ཁམས་ཀྱི་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་ནི། །འོད་བྱེད་ཡེ་ཤེས་གཤིན་རྗེ་གཤེད་པོ་ཕྱག་འཚལ་ ལོ༑ ༑ཧཱ་ཡིག་མ་ཆགས་ཤེས་བྱའི་སྒྲིབ་འཕྲོག་སྦྱངས་པ་ཆེ་།བསམ་གཏན་དག་པས་རྫུ་འཕྲུལ་ལ་ནི་དབང་ཐོབ་དང། །ཐམས་ཅད་དག་ཏུ་འགྲོ་བའི་ལམ་དག་སྟོབས་ དང་ནི༑ ༑སྦྱང་དཀའ་ཡེ་ཤེས་རྟ་མགྲིན་ཁོ་བོ་ཕྱག་འཚལ་ལོ་།རོ་ཡིག་འཁོར་འདས་ནང་བྲལ་ཤེས་དག་ལས་དབང་ཐོབ། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་ནི་སྙོམས་ ཞུགས་པའི། །ཀུན་ནས་ཉོན་མོངས་རྣམ་བྱང་ལྟ་བ་ཀུན་མཁྱེན་སྟོབས། །མངོན་གྱུར་ཡེ་ཤེས་འདོད་པའི་རྒྱལ་པོ་ཕྱག་འཚལ་ལོ་།ཥ་ཡིག་མཉམ་ཉིད་སྡོམ་ཆེན་ དབང་ཕྱུག་ཆེན་པོ་རྒྱལ། །སྟོབས་ཆེན་དག་ལས་མོས་པ་ལ་ནི་དབང་ཐོབ་དང། །སྔོན་གྱི་གནས་རྣམས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། །རིང་དུ་སོང་བའི་ཡེ་ཤེས་བདུད་རྩི་ [61A]༄༅། །འཁྱིལ་ལ་འདུད། །ཎ་ཡིག་སྐྱེས་བུ་ཆེན་པོ་སྒྲ་ཆེན་ཀླུ་མཆོག་གཙོ། །སྨོན་ལམ་དག་པས་སྨོན་ལམ་ཆེ་ལ་དབང་ཐོབ་དང་།དབང་པོ་ མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། །མི་གཡོ་ཡེ་ཤེས་ཁྲོ་བོ་སྟོབས་ཆེན་ཕྱག་འཚལ་ལོ། །ཧཱུཾ་ཡིག་ཧུ་ལུ་སྤྲིན་གདེངས་འབྲུག་སྒྲ་གད་རྒྱངས་ཅན། ། ཐབས་དག་པས་ནི་ཡེ་ཤེས་ཆེ་ལ་དབང་ཐོབ་དང། འཆི་འཕོ་དང་ནི་གང་ཞིག་སྐྱེ་བ་མཁྱེན་པའི་སྟོབས། །ལེགས་པའི་བློ་གྲོས་ཡེ་ཤེས་ཁྲོ་བོ་ཧཱུཾ་མཛད་འདུད། །ཕཊ་ སྒྲས་བག་ཆགས་ཀུན་གཏོར་དག་པས་ཤེལ་དང་མཚུངས། །ཡེ་ཤེས་དག་པས་ཆོས་ལ་དབང་ནི་ཐོབ་པ་དང། །ཟག་པ་ཐམས་ཅད་ཡང་དག་ཟད་པས་མཁྱེན་ པའི་སྟོབས། །ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཁྲོ་བོ་གནོད་མཛེས་འདུད་།དེ་ནས་ཆོས་རྗེ་ཐུབ་པས་ནི། །ལྗགས་ཀྱི་དབང་པོ་བཀྲམ་བྱས་ནས་།འཛུམ་པ་མཛད་པས་རབ་ གཟིགས་ཏེ། །འཁོར་གྱི་དཀྱིལ་འཁོར་ཆེན་པོའི་དབུས། །ལག་ན་རྡོ་རྗེ་མཐུ་ཆེན་ལ། །སྙན་པའི་གསུང་གིས་བཀའ་སྩལ་པ། །མཆོག་ཏུ་བརྟན་པར་རབ་བསྔགས་ པ༑ ༑རྡོ་རྗེ་ཐེག་པ་བླ་ན་མེད། །མི་གང་བསོད་ནམས་དམན་པ་འམ་།མཚམས་མེད་ལ་སོགས་བྱེད་པ་ཡང། །རྒྱུད་འདིར་ཞུགས་པའི་དེ་མ་ཐག། །གསེར་འགྱུར་གྱི་ [61B] །ལོག་རྟོག་མ་ལུས་དག་ནས་ཀྱང། །རྟོག་མེད་བདེ་བའི་སྐུར་བྱུང་སྟེ། །རྨི་ལམ་བཟང་བོའི་སེམས་བཞིན་དུ། །རྣམ་འཕྲུལ་སྣ་ཚོགས་ཅིར་ཡང་སྣང། ། མུ་མཐའ་མེད་པ་འཁོར་བའི་མཚོ། །བསྐལ་བའི་གཟིངས་ཆེན་བླ་མེད་འདི། །ཆགས་གསང་མེད་པའི་ཚུལ་དུ་ནི། །ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། །ལག་ན་རྡོ་རྗེ་སྟོབས་པོ་ ཆེས༑ ༑སྟོན་པ་ལ་ནི་འདི་གསོལ་ཏོ། །རྒྱུད་འདི་ཕྱུང་མ་ཐག་ཏུ་ནི། །གདུལ་དཀའ་བ་ནི་རབ་ཏུ་ཞི། །ས་སྟེང་ནད་དང་གདོན་མུ་གེ་།བར་ཆད་གནོད་པ་ཀུན་དང་བྲལ། །སླར་ ཡང་བསྟན་པ་འཕེལ་བའི་ཕྱིར། །བརྟན་པོར་བདག་གིས་གཟུང་བར་བགྱི། །དཔའ་བོ་མཁའ་འགྲོ་དྲག་པོ་རྣམས། །ཡིད་ཀྱིས་བརྟུལ་ཞུགས་ཕྱུང་ནས་ཀྱང། །རྒྱུད་ འདི་འཛིན་པའི་རྗེས་སུ་འབྲང། །ལྷ་དང་འཇིག་རྟེན་པ་དང་ནི་།མ་མོ་སྲིན་མོ་མཁའ་འགྲོ་མ། །ཤ་ཟ་གནོད་སྦྱིན་སྲིན་པོ་རྣམས་།རྒྱུད་འདི་འཛིན་པ་སྐྱོང་བར་བྱེད། ། རྒྱུད་འཛིན་ལོངས་སྤྱོད་སྤེལ་བར་བྱེད། །སྟོན་པས་གསུངས་པ་རྡོ་རྗེ་འཛིན། །ལེགས་སོ་ཤིན་ཏུ་ཆེར་ལེགས་སོ། །རྒྱུད་འཛིན་རྣལ་འབྱོར་ཅན་ཆེན་དེ། །རྒྱུན་དུ་སྲུང་ ཞིང་བློ་འཕེལ་མཛོད། །དེ་སྐད་ཀྱི་ནི་གསུང་ཐོས་ནས། །བྱང་ཆུབ་སེམས་དཔའ་ཉན་ཐོས་དང། །མཁའ་འགྲོ་མ་མོ་འཇིག་རྟེན་སྐྱོང། །ལྷ་ཀླུ་གནོད་སྤྱིན་དྲི་ཟར་བཅས།། [62A]༄༅། །ཐམས་ཅད་ལྡན་པའི་འཁོར་དེ་རྣམས། །དགྱེས་ཏེ་ཐལ་སྦྱར་མངོན་པར་དགའི། །མི་གཡོ་ཐུགས་རྗེའི་ལྕགས་ཀྱུ་བཟུང་བས་འཁོར་བའི་བཙོན་ར་ནས། །ལྷ་ཀླུ་ འབུམ་ཕྲག་འཚེ་བྲལ་དཀར་པོ་དགེ་བའི་ཀུན་སློང་སེམས། །སྐྱེས་ནས་བྱང་ཆུབ་རིན་ཆེན་ནོར་ཐོབ་མཛད་པས་རྨད་བྱུང་མཚར། །རྒྱས་པའི་ཚུལ་བསྡུས་བསྟན་པའི་ཆོས་འདི་དམན་ལ་ ཤིན་ཏུ་གསང། །འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས། །མངོན་པར་དགའ་བའི་ལེའུ་སྟེ་བཅུ་བའོ།། །།འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་ པ་རྫོགས་སོ།། །།